ཨ་རིའི་དམག་གི་གནམ་གྲུས་པ་ཀི་སི་ཐན་ནང་མི་བཅོ་ལྔ་བསད་པ།

པ་ཀི་སི་ཐན་ནང་ཨ་མི་རི་ཀའི་མཁའ་དབྱིང་ནས་མི་མེད་གནམ་གྲུའི་ཐོག་ནས་དྲག་རྒོལ་གྱིས་དྲག་སྤྱོད་པ་བཅོ་ལྔ་རྐྱེན་ལམ་དུ་བཏང་ཡོད་པ།

༄༅༎པ་ཀི་སི་ཐན་གྱི་བྱང་ནུབ་གྱི་ཞིང་ཆེན་ལྦ་ཇི་རེསེ་ཐན་(Waziristan)ནང་ཨ་མི་རི་ཀའི་མཁའ་དབྱིང་ནས་མི་མེད་གསང་མྱུལ་གནམ་གྲུའི་ཐོག་ནས་དྲག་རྒོལ་གྱིས་དྲག་སྤྱོད་པ་བཅོ་ལྔ་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག༎

ཌོརོན་(Drone)ཞེས་པའི་གསང་མྱུལ་གནམ་གྲུ་དེས་ལྷོ་ཕྱོགས་ཝཛི་རེསེ་ཐན་གྱི་ས་ཁུལ་ཤཁ་ཏེའེ་(Shaktoi)ཞེས་པའི་དཔོན་གྱི་ཁང་པར་མེ་ཤུགས་འཕུར་མདེལ་བཞི་འཕངས་ཏེ་དེར་ཡོད་དྲག་སྤྱོད་པ་བཅོ་ལྔ་ཡོད་པ་ཚང་མ་རྐྱེན་ལམ་དུ་བཏང་ཡོད་ལུགས་སྦི་སྦི་སི་རླུང་འཕྲིན་ཁང་གནས་ཚུལ་སྤེལ་བཞག་ བདུན་ཕྲག་སྔོན་མ་ཡང་ས་ཁུལ་དེ་པ་ཀི་སི་ཐན་གྱི་ཏ་ལི་སྦན་གྱི་འགོ་ཁྲིད་ཧ་ཀི་མུ་ལ་མེསུདྷ་(Hakimullah Mehsud)དམིགས་ཏེ་དྲག་རྒོལ་བྱས་ཡོད་ཀྱང་དོ་བདག་བྲོས་ཐར་ཡོད་ལུགས་འགྲེལ་བརྗོད་བྱས་འདུག་ ཐེངས་འདིའི་དྲག་རྒོལ་ནང་རྐྱེན་ལམ་དུ་ཕྱིན་པའི་དྲག་སྤྱོད་པ་མང་ཆེ་ཕྱི་རྒྱ་མི་སྣ་ཡིན་པ་རེད་ རོའི་ཊརསེ་གསར་ལས་ཁང་གིས་བརྗོད་པ་གཞིགས་ནས་དྲལ་རྒོལ་བྱེད་སའི་ཁང་པ་དེ་ཨུཛེ་སྦེཁ་ཀིསེ་ཐན་(Uzbekistan)གྱི་མི་སྣས་ཏ་ལི་བྭན་ལ་དྲག་རྒོལ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་ སྔ་ལོ་དབྱར་ཀ་པ་ཀི་སི་ཐན་གྱི་ཏ་ལི་བྭན་གྱི་འགོ་ཁྲིད་སྦའི་ཏུ་ལ་མེ་སུདྷ་(Baitullah Mehsud)རྐྱེན་ལམ་དུ་བཏང་བའི་རྗེས་སུ་ཧི་ཀི་མུ་ལུ་མེ་སུརྡ་ཏ་ལི་སྦན་གྱི་འགོ་ཁྲིད་བྱས་པ་རེད་ ཟླ་བ་སྔོན་མ་ཨཕ་ག་ཎིསེ་ཐན་ནང་རང་སྲོག་བློས་བཏང་བ་ཞིག་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་བདུན་རྐྱེན་ལམ་དུ་བཏང་བའི་རྗེས་སུ་ཨ་རིས་ལྦ་ཛི་རིསེ་ཐན་ནང་ས་གནམ་གཉིས་ཐོག་ནས་འཕར་རྒོལ་ཆེ་ཏུ་བཏང་ཡོད་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org