པ་ཀི་སི་ཏན་གྱིས་རྒྱ་གར་མཉམ་ཞི་འགྲིགས་ཡོང་ཐབས་བྱེད་པ།
པ་ཀི་སི་ཏན་ངོས་ནས་རྒྱ་གར་མཉམ་མུ་མཐུད་ནས་ཞི་འགྲིགས་ཡོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ལུགས་གསུངས་འདུག
-
2008-12-04 -
-
-
༄༅༎པ་ཀི་སི་ཏན་ངོས་ནས་རྒྱ་གར་མཉམ་མུ་མཐུད་ནས་ཞི་འགྲིགས་ཡོང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ལུགས་གསུངས་འདུག
ཉེ་ཆར་རྒྱ་གར་གྱི་ཁྲོམ་རའི་ལྟེ་གནས་ཆེ་ཤོས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་ཤིན་ཏུ་ཚབས་ཆེའི་འཇིགས་སྐུལ་གྱི་ལས་འགུལ་སྤེལ་ནས་མི་རྒྱུ་གཉིས་ལ་དོ་ཕོག་ཚབས་ཆེ་བཏང་ཡོད་པ་རེད། དོན་རྐྱེན་དེའི་བྱེད་གཏེ་གཅིག་འཛིན་བཟུང་བྱས་པའི་བརྒྱུད་ཤེས་རྟོགས་བྱུང་གསལ་ལྟར་ན་ཁོང་ཚོར་པ་ཀི་སི་ཏན་ནང་གཏོར་རྒོལ་གཏོང་རྒྱུའི་སྦྱོང་བརྡར་སྤྲད་ཡོད་ལུགས་བཤད་པས་མ་ཟད་འཛིན་བཟུང་བྱས་པ་མི་དེ་ཡང་པ་ཀི་སི་ཏན་གྱི་མི་རིགས་ཡིན་པ་རེད། དེ་འདྲའི་འོག་ཉིན་ཤས་རིང་ནས་བཟུང་ཡུལ་གཉིས་དབར་རང་བཞིན་གྱིས་གླེང་སློང་ཡོང་བཞིན་པའི་སྐབས་ཡིན་པ་རེད། འོན་ཀྱང་དེ་རིང་པ་ཀི་སི་ཏན་གྱི་དམག་སྤྱི་མཆོག་ནས་མཛད་སྒོ་ཞིག་ཐོག་གསུངས་བཤད་གནང་བའི་ནང་པ་ཀི་སི་ཏན་གྱི་དམག་མིའི་ངོས་ནས་ད་ལྟའང་ཞི་བདེ་དང་སྲུང་སྐྱོབ་ཀྱི་ལས་དོན་ཐོག་འཐུས་ཤོར་གཏོང་རྒྱུ་མིན་ལུགས་འགྲེལ་བརྗོད་གནང་འདུག