སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་པདྨ་ཤྲི་གཟེངས་རྟགས་ཕུལ་འདུག

རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གྱི་མཐོ་གྲས་གཟེངས་རྟགས་པདྨ་ཤྲི་ཕུལ་འདུག

རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གྱི་མཐོ་གྲས་གཟེངས་རྟགས་པདྨ་ཤྲི་ཕུལ་བའི་སྐབས། AFP

རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་གཟེངས་རྟགས་མཐོ་གྲས་ཕུལ་བའི་མཛད་སྒོའི་ཐོག་་རྒྱ་གར་གྱི་སྲིད་འཛིན་Ram Nath Kovind མཆོག་གིས་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་(Padma Shri)ཞེས་པ་གཟེངས་རྟགས་ཕུལ་འདུགགོང་ཞུས་གཟེངས་རྟགས་ཕུལ་བའི་རྒྱ་གར་གཞུང་འབྲེལ་མཛད་སྒོའི་ཐོགརྒྱ་གར་གྱི་སྲིད་བློན་NarendraModi མཆོག་ཀྱ་ཕེབས་ཡོད་ཅིང།སྨན་པ་ཡེ་ཤེས་དོན་ལྡན་ལགས་དང་ལྷན་རྒྱ་གར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་དང་ཤེས་ཡོན་།  ཚན་རིག་བཅས་ལས་རིགས་འདྲ་མིན་ནང་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་མི་སྣ་མང་པོ་ཞིག་ལའང་ཆེས་མཐོའི་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།རྒྱ་གར་གྱི་པདྨ་ཤྲི་གཟེངས་རྟགས་དེ་བཞིན་ཁ་སྔོན་ཕྱི་ཟླ ༡ པོའི་ཚེས ༢༦ ཉིན་ནི་རྒྱ་གར་གྱི་དམངས་གཙོ་དུས་ཆེན་ཐེངས ༦༩ ཉིན་དང་སྟབས་བསྟུན་ནས་ སྤྱི་ནོར༧གོང་ས་མཆོག་གི་སྐུའི་བོད་ལུགས་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་སུ་ཕུལ་ཡོད་ནའང།ཕྱི་ཟླ་གསུམ་པའི་ཚེས་༢༠ཉིན་སྲིད་འཛིན་ཕོ་བྲང་དུ་མཛད་སྒོ་དངོས་གཞི་དེ་བསྐྱངས་གནང་ཡོད་པ་རེད།ད་ལྟ་དགུང་ལོ༩༠ཐམ་པར་ཕེབས་པའི་སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ནི་ལོ་མང་རིང་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་སྨན་གྱི་ཞབས་ཞུ་བསྒྲུབས་གནང་ཡོད་པ་མ་ཟད། ༡༩༦༡ ཟླ ༣ ཚེས ༢༣ ཉིན་བཙན་བྱོལ་དུ་བཞུགས་སྒར་རྡ་རམ་ས་ལར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་གནང་སྐབས་འགན་ཁུར་བཞེས་མཁན་གཙོ་བོའི་གྲས་ཡིན་པ་རེད། ཁོང་གིས་ ༡༩༦༠ ནས་ ༡༩༨༠ བར༧གོང་ས་མཆོག་གི་སྐུའི་བླ་སྨན་པའི་ཞབས་ཞུ་བསྒྲུབས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org