མིའི་དབང་པོ་སྤོ་འཛུགས་བྱེད་སྟངས་ལ་བསྒྱུར་བ།
རྒྱ་ནག་ནང་སྲོག་ཐོག་ཏུ་བཏང་བའི་བཙོན་པའི་ཡན་ལག་དབང་པོ་བཤག་བཅོས་དང་སྤོ་འཛུགས་བྱེད་པའི་ལམ་སྲོལ་དེར་གནས་རྒྱུ་མིན་པའི་ཚད་གཞི་ངེས་ཅན་ཞིག་བཟོ་རྒྱུའི་སྐོར་བཤད་ཡོད་པ་རེད།
-
2012-11-23 -
-
-
༄༅། །དེ་ཡང་འདས་པའི་དུས་རིང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་རྒྱ་ནག་ནང་སྲོག་ཐོག་བཏང་བའི་བཙོན་པའི་གཟུགས་པོའི་ཡན་ལག་དབང་པོ་བཤག་བཅོས་ཆེད་སྤོ་འཛུགས་བྱེད་སྐབས། བཙོན་པའི་ནང་མི་ཚོས་ཤེས་རྟོགས་མེད་པར་བཀོལ་སྤྱོད་བྱེད་པ་དེ་ཚོར་སྐྱོན་འཛུགས་བྱས་ཡོད་ཀྱང་། དེར་རྒྱ་ནག་གཞུང་ཕྱོགས་ནས་ཁས་ལེན་བདག་སྤྲོད་བྱས་མེད་པ་རེད།
འོན་ཀྱང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་ཧོང་ཅེ་ཕྷུ་ཡིས་གཟའ་ཕུར་བུའི་ཉིན་བརྗོད་པར་འབྱུང་འགྱུར་ལོ་གཉིས་ནང་ཚུད་བཙོན་པ་སྲོག་ཐོག་བཏང་བའི་གཟུགས་པོའི་ཡན་ལག་དབང་པོ་གཅོད་བེད་བྱེད་པ་དེ་སྔོན་ལྟར་མིན་པར། དེའང་དང་བླངས་ཞལ་འདེབས་གཏོང་བའི་ལམ་ལུགས་སུ་འགྱུར་རྒྱུའི་སྐོར་བརྗོད་ཡོད་པ་རེད།
སྤྱི་ལོ་༢༠༠༧ལོ་ནས་རྒྱ་ནག་ནང་མིའི་གཟུགས་པོའི་དབང་པོ་བརྗེ་ཚོང་རྒྱབ་པ་བཀག་འདོམས་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་ལོ་ལྟར་ནད་པ་ས་ཡ་གཅིག་དང་ཕྱེད་ཙམ་ལ་མིའི་གཟུགས་པོའི་ཡན་ལག་དབང་པོ་བཤག་བཅོས་སྤོ་འཛུགས་བྱེད་དགོས་མཁན་མང་པོ་ཡོད་པ་རེད། །