པ་ཀི་སུ་ཐན་གྱིས་སྲིད་བློན་འཛིན་བཟུང་བཀའ་རྒྱ་བཏང་འདུག
པ་ཀི་སུ་ཐན་གྱི་ཁྲིམས་ཁང་ནང་ལྐོག་ཟ་རུལ་སུངས་བྱས་པའི་གྱོད་གཞི་ཞིག་གི་ཐོག་རྩོད་གླེང་བྱུང་རྗེས་ཡུལ་དེའི་སྲིད་བློན་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག
-
2013-01-16 -
-
-
གནས་ཚུལ་ལྟར། འདས་པའི་ནང་པ་ཀི་སུ་ཐན་ནང་ཁ་ཆེ་བ་མི་མང་ཁྲི་སྟོང་མང་པོས་རྒྱལ་སའི་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་ད་ལྟའི་པ་ཀི་སུ་ཐན་གྱི་གཞུང་འདིས་དཔལ་འབྱོར་ལྐོག་བཟའ་རུལ་སུངས་དང་། ཉམས་ཐག་ཡུལ་མིར་བརྩི་མེད་བྱེད་གྱི་ཡོད་པས་གཞུང་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
དེ་ནས་རེས་གཟའ་མིག་དམར་ཉིན་པ་ཀི་སུ་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་Raja Pervaiz Ashrafཡིས་ཡུལ་ནང་གློག་གི་དཀའ་ངལ་ཡོད་ཁར་ད་དུང་ཁོ་རང་སྒེར་གྱི་གློག་ཁང་ཆེད་འཛུགས་བྱས་ཡོད་པ་སོགས་གཞུང་གི་དཔལ་འབྱོར་བེད་སྤྱོད་ལོག་པར་བཏང་བའི་ཉེས་བཙུགས་བྱས་ཡོད་པ་སོགས་ལ་བརྟེན་ཁྲིམས་ཁང་གིས་ཡུལ་དེའི་སྲིད་བློན་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག