རྒྱ་གར་གྱིས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་ཙམ་དགོས་སྐོར།

འཇའ་མུ་ཀཤ་མིར་གྱི་སྤྱི་ཁྱབ་བློན་ཆེན་ནས་རྒྱ་གར་གཞུང་ནས་རྒྱ་ནག་ཐོག་ལངས་ཕྱོགས་འཁྲེགས་ཙམ་འཛིན་དགོས་རྒྱུ་གལ་ཆེ་གསུངས་འདུག

༄༅༎འཇའ་མུ་ཀཤ་མིར་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྒྱ་གར་གཞུང་ནས་རྒྱ་ནག་ཐོག་ལངས་ཕྱོགས་འཁྲེགས་ཙམ་འཛིན་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག
དེ་ཡང་རྒྱ་གར་གྱི་བྱང་ཕྱོགས་འཇའ་མུ་ཀཤ་མིར་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མའར་ཨབ་རྡུ་ལའ་མཆོག་གིས་ཉེ་ཆར་མཛད་སྒོ་ཞིག་ཐོག་གསུངས་བཤད་གནང་བའི་ནང་། རྒྱ་གར་གཞུང་ནས་ཉིན་ཤས་གོང་རྒྱ་ནག་གི་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྡི་ལིར་མཛད་སྒོ་ཞིག་ཏུ་མཉམ་ཞུགས་གནང་རྒྱུར་འགོག་རྐྱེན་མ་བཟོས་པའི་རྒྱ་ནག་ལ་རྣམ་འགྱུར་བཏོན་པ་དེ་ལྟར་ཡང་སེ་བཏོན་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན་རྒྱ་ནག་ནས་ང་ཚོར་བོད་དང་། ཐེ་ཝན་གྱི་གནད་དོན་ཐོག་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་འཛིན་དགོས་ཀྱི་རེད་ཟེར་གནོན་ཤུགས་སྤྲད་ཀྱི་ཡོད་པ་དང་། དེ་ལས་ལྡོག་ཏེ་ རྒྱ་ནག་ཁོ་རང་ཚོའི་ཐོག་ནས་ཀ་ཤི་མིར་མངའ་ཁུལ་རྩོད་གཞི་ཅན་ཞིག་ཡིན་པའི་ངོས་འཛིན་བྱེད་པའི་ལངས་ཕྱོགས་འཛིན་སྟངས་དེ་ཏག་ཏག་ཞིག་བསྡད་ཀྱི་ཡོད་མ་རེད་ཅེས་གསུངས་ནས་དེ་སྔ་རྒྱ་ནག་ནས་ཨ་རུ་ཎ་ཅལ་དང་། འཇའ་མུ་ཀཤ་མིར་སྐོར་རྙོག་ཁྲ་བཤད་པ་རྣམས་ལུང་འདྲེན་གནང་ཡོད་པ་བཅས་གང་ལྟར་སྤྱི་ཁྱབ་བློན་ཆེན་མཆོག་གིས། ད་བར་རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་ཡིན་ནའང་འདྲ། པ་ཀིསྟན་ཡིན་ནའང་འདྲ་འབྲེལ་ལམ་བྱེད་པའི་སྐབས་བསྟུན་མཁས་དང་། དགོངས་སེལ་ཞུས་དྲག་གི་འདུག ངའི་བསམ་པར་ཕྱོགས་ཕན་ཚུན་གཉིས་ཀ་འདྲ་མཉམ་གྱི་ཐོག་ནས་སོ་སོའི་བདག་དབང་དང་། ཐོབ་ཐང་ཐོག་ནས་འབྲེལ་བ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ནས་ཉེ་ཆར་རྒྱ་གར་གཞུང་ནས་རྒྱ་ནག་གི་གནོན་ཤུགས་སྤྲད་པ་དེར་བརྡ་ལན་གསལ་པོ་སྤྲད་པའི་ལངས་ཕྱོགས་འཁྲེག་པོ་མུ་མཐུད་ནས་འཛིན་དགོས་ལུགས་ནན་བརྗོད་གནང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org