ཐེ་ལྦན་བོད་གཞུང་དོན་གཅོད་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ།

ཐེ་ལྦན་ནང་ཡོད་པའི་བཙན་བྱོལ་བོད་གཞུང་དོན་གཅོད་ལས་ཁང་གིས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་འདུག

༄༅༎ཕྱི་ཟླ་གཉིས་པའི་ཚེས་༡༠ནས་༡༡ཉིན་གཉིས་ཀྱི་དགོངས་མོ་ཐེ་ལྦན་གྱི་ཐཨེ་པེ་རུ་བཙན་བྱོལ་བོད་གཞུང་སྐུ་ཚབས་དོན་གཅོད་ལས་ཁང་གིས་ས་སྐྱ་གདུང་སྲས་རིན་པོ་ཆེ་གདན་འདྲེན་ཞུས་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནང་ཆོས་ཐོག་བགྲོ་གླེང་ཞིག་ཚུགས་གནང་ཡོད་པ་རེད།  དེ་ནི་ཕྱི་ལོ་ཉིས་སྟོང་གསུམ་ལོ་ནས་བཟུང་སྐུ་ཚབ་དོན་གཅོད་ལས་ཁང་གིས་བོད་རྒྱུད་ནང་བསྟན་ཆོས་ལུགས་སྒྲུབ་ཐ་ཁག་གི་བླ་ཆེན་དང་མཁན་པོ་སོགས་གདན་ཞུ་གནང་ཏེ་ ཐེ་ལྦན་ནང་གི་ནང་ཆོས་ལ་དོ་སྣང་གནང་མཁན་ཚོས་ནང་ཆོས་ངོ་སྤྲོད་གནང་ཐེངས་དགུ་པ་དེ་ཡིན་པ་རེད། ད་རེས་ཀྱི་ནང་ཆོས་ངོ་སྤྲོད་དེར་མི་གྲངས་༣༠༠ལྷག་མཉམ་བཞུགས་གནང་ཡོད་ཅིང་ དེའི་ཐོག་བཙན་བྱོལ་བོད་གཞུང་ཐེ་ལྦན་སྐུ་ཚབས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ སྐྱ་ས་གདུང་སྲས་རིན་པོ་ཆེ་མཆོག་ནས་དུས་ཚོད་བཏོན་གནང་ཏེ་ ཐེ་ལྦན་གྱི་དད་ལྡན་ནང་ཆོས་ལ་དོ་སྣང་གནང་མཁན་ཚོར་ནང་ཆོས་ངོ་སྤྲོད་དང་འབྲེལ་ཆོས་འབྲེལ་གནང་བ་དང་ ལྷག་པར་དུ་ས་སྐྱའི་ཆོས་ལུགས་དར་ཚུལ་སོགས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org