བྱང་ཀོ་རི་ཡས་ཨ་རིར་དགོས་འདུན་བཏོན་པ།
ཨ་རིས་བྱང་ཀོ་རི་ཡར་མ་གནས་ཨ་སྒོར་ཕྲག་ཁྲིག་ཆེ་མོ་༦༥ལྷག་གི་མ་དངུལ་གུན་གསབ་སྤྲོད་དགོས་ལུགས་བྱང་ཀོ་རི་ཡའི་དགོས་འདུན།
-
2010-06-24 -
-
-
༄༅༎བྱང་ཀོ་རི་ཡ་དང་ཨ་རི་དབར་ལོ་ངོ་༦༠རིང་གི་འཁོན་འཛིན་ལ་བརྟེན་ནས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་དཀའ་ངལ་མང་པོ་འཕྲད་པའི་རྒྱུ་མཚན་ལུང་འདྲེན་བྱས་ཏེ་ ཨ་རི་གཞུང་གིས་བྱང་ཀོ་རི་ཡར་མ་གནས་ཨ་སྒོར་ཕྲག་ཁྲིག་ཆེ་མོ་༦༥ལྷག་གི་མ་དངུལ་གུན་གསབ་སྤྲོད་དགོས་ལུགས་རེས་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་དགོས་འདུན་བཏོན་པའི་གནས་ཚུལ་ཐོན་འདུག་༎
༡༩༤༥ལོར་ཀོ་རི་ཡའི་དམག་འཁྲུག་རྗེས་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་ཁབ་ལོགས་སུ་གྱེས་ཏེ་ལོ་ངོ་༦༠འཁོར་བའི་དུས་དྲན་དང་སྟབས་བསྟུན་ རེས་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་སྙན་ཐོ་ཞིག་འདོན་སྤེལ་བྱས་པ་བརྒྱུད་འདས་པའི་ལོ་ངོ་༦༠རིང་ བྱང་ཀོ་རི་ཡའི་ཐོག་ཨ་མི་རི་ཀས་སྡང་ཟུག་གི་སྲིད་བྱུས་ལ་རྐྱེན་པས་ དཔལ་འབྱོར་གྱི་ཐད་ནས་བྱང་ཀོ་རི་ཡར་མ་གནས་ཨ་སྒོར་ཕྲག་ཁྲིག་ཆེན་མོ་༦༥མིན་ཙན་གྱི་གྱོང་གུན་ཕོག་ཡོད་ལུགས་དང་དེ་ལྟར་གུན་གསབ་སྤྲོད་དགོས་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད་
KCNCཞེས་པའི་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལས་ཁང་གིས་བརྗོད་ན་ མ་དངུལ་གུན་གསབ་གྱི་སྡོམ་འབོར་དེའི་ནང་ཨ་སྒོར་ཕྲག་ཁྲིག་ཆེན་མོ་༢༦ལྷག་ཙམ་ནི་ཨ་རི་གཞུང་གིས་བཀོད་བྱུས་བྱས་པའི་དམག་འཐབ་འོག་མི་ཤི་སྐྱོན་ཆགས་དང་བཙན་འཁྲིད་བྱས་པ་ གར་སོང་ཆ་མེད་དུ་གྱུར་བའི་གུན་གསབ་ཀྱི་ཚོད་དཔག་ཡིན་ཚུལ་དང་ ཡང་ཨ་སྒོར་ཕྲག་ཁྲིག་ཆེན་མོ་༡༣དང་ཕྱེད་ཀ་ཙམ་ནི་ ལོ་ངོ་༦༠ཙམ་རིང་ ཨ་རི་གཞུང་གིས་བྱང་ཀོ་རི་ཡའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་བཀལ་བའི་གུན་གསབ་དང་ དེ་བཞིན་ཨ་སྒོར་ཕྲག་ཁྲིམ་ཆེན་མོ་༡༧ཙམ་ནི་ ས་ཁང་གི་གྱོང་གུན་ཕོག་པའི་གུན་གསབ་ཡིན་སྐོར་བཅས་འགྲེལ་བརྗོད་བྱས་ཡོད་པ་རེད་༎