༢༠༡༣ལོའི་ནོ་སྦེལ་རྩོམ་རིག་གི་བྱ་དགའ།
༢༠༡༣ལོའི་ནོ་སྦེལ་རྩོམ་བྲིས་ཀྱི་བྱ་དགའ་ཁ་ན་ཌ་ནས་ཡིན་པའི་བུད་མེད་རྩོམ་བྲིས་མ་ལྕམ་ Alice Munro ལགས་སུ་ཐོབ་གནང་ཡོད་འདུག
-
2013-10-11 -
-
-
༢༠༡༣ལོའི་ནོ་སྦེལ་རྩོམ་བྲིས་ཀྱི་བྱ་དགའ་ཁ་ན་ཌ་ནས་ཡིན་པའི་བུད་མེད་རྩོམ་བྲིས་མ་ལྕམ་ Alice Munro ལགས་སུ་ཐོབ་གནང་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཁོང་ནི་སྒྲུང་གཏམ་ཐུང་དུ་དང་། མིའི་ལོ་རྒྱུས་བྲིས་གནང་མཁན་ཞིག་ཡིན་པ་སུས་དན་གྱི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་གསུང་ཡོད་པ་དང་། ཁོང་ནི་ཕྱི་ལོ་ ༡༩༧༦ ལོར་ཁ་ན་ཌའི་མི་སེར་དང་། རྗེས་སུ་ཨ་རིའི་མི་སེར་གནང་མཁན་སྐུ་ཞབས་ Saul Bellow ལ་ནོ་སྦེལ་རྩོམ་བྲིས་བྱ་དགའ་ཐོབ་གནང་རྗེས་ཁ་ན་ཌའི་མི་སེར་ཞིག་ལ་ད་ཐེངས་ནོ་སྦེལ་རྩོམ་བྲིས་བྱ་དགའ་ཐོབ་གནང་མཁན་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ད་ཐེངས་ཁོ་མོར་ནོ་སྦེལ་རྩོམ་བྲིས་བྱ་དགའི་མཉམ་ཨ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཐོབ་གནང་ཡོད་པ་རེད། ཁོང་དབྱིན་ཡིག་ཐོག་རྩོམ་བྲིས་གནང་མཁན་གཞན་རྣམས་ཀྱིས་དགའ་མོས་ཆེན་པོ་ཐོབ་གནང་ཡོད་པ་མ་ཟད། ཁ་ན་ཌའི་རྩོམ་བྲིས་ཐོག་བྱ་དགའ་ཆེ་ཤོས་ Governor General’s prize ཞེས་པ་དེ་ཐེངས་གསུམ་རིང་ཐོབ་གནང་ཡོད་འདུག ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་ Peter Englund ཡིས་ལྕམ་ Alice Munro ཡིས་རྩོམ་བྲིས་ཀྱི་བྱ་བཞག་དེ་སྒྱུ་རྩལ་ལྟར་བཟོས་གནང་ནས་སྐྱོན་ཆ་གང་ཡང་སྟོན་རྒྱུ་མེད་པའི་རྩོམ་བྲིས་ཤིག་གནང་སྐོར་གསུང་འདུག
ཁོང་ནི༡༩༣༡ ལོར་ཁ་ན་ཌའི་ Toronto གྲོང་ཁྱེར་གྱི་ནུབ་ཕྱོགས་གྲོང་ཚོ་ Wingham ཞེས་པར་འཁྲུངས་ཡོད་པ་དང་། ད་ཆ་ཁོང་ལོ་ན་ ༨༢ ཡིན་འདུག