༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་ཡ་ལན་སྤྲད་འདུག
ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་བཞི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༤པའི་ཐོག་མཉམ་བཞུགས་གནང་གི་མེད་པ་རེད་འདུག
-
2014-09-24 -
-
-
ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་བཞི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༤པའི་ཐོག་མཉམ་བཞུགས་གནང་གི་མེད་པ་རེད་འདུག
དེ་ཡང་ལྷོ་ཨཧྥི་རི་ཀ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་མ་ཕུལ་བའི་ཐག་གཅོད་དེར་ཡ་ལན་མཚོན་བྱེད་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་བཞི་རིང་མིན་ཕྱི་ཟླ་༡༠པའི་ཚེས་༡༣ནས་༡༥བར་Cape Townནང་འཚོགས་གནང་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༡༤པའི་ཐོག་མཉམ་བཞུགས་གནང་གི་མེད་པ་དང་། གོང་ཞུས་ལྷན་ཚོགས་ཐོག་མཉམ་ཞུགས་མ་གནང་མཁན་བཞི་པོ་དེ་རྣམས་ནི། ལྕམ་ཇོ་ཌི་ཝི་ལི་ཡམསི་དང། ལྕམ་ཤི་རིན་ཨི་བ་དི། ལེ་མཧ་ག་བྷོ་ཝི། ས་འོག་འབར་རྗས་ཀྱི་གནོད་སྐྱོན་འགོག་ཐབས་གནང་མཁན་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་བཅས་རེད་འདུག དེའི་ཐད་ལྷོ་ཨཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་ཚེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པ་ཚོས་ལྷོ་ཨཧྥི་རི་ཀའི་གཞུང་གི་Cape Town དུ་ཚུགས་གནང་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོའི་ལྷན་ཚོགས་སུ་མཉམ་ཞུགས་མི་གནང་རྒྱུ་འམ། ཡང་ན་ལྷན་ཚོགས་དེ་གནང་ཡུལ་ས་གནས་གཞན་དུ་གནས་སྤོ་གནང་དགོས་པ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་འབོད་སྐུལ་གྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣ་ཚོར་འབོད་སྐུལ་ཞུ་བའི་སྙན་ཞུའི་ཐོག་རྒྱབ་གཉེར་ས་རྟགས་བདུན་སྟོང་ལྷག་བསྡུ་རུབ་གནང་ཡོད་པའི་གྲས་སུ་རྒྱ་ནག་གཞུང་དང་ལྟ་སྤྱོད་ལོགས་སུ་འཛིན་མཁན་ཧུ་ཅའ་དང་། ཝེན་ཡུན་ཅོ། ཝེཏ་ནམ་གྱི་དམངས་གཙོ་དོན་གཉེར་བ་སློབ་དཔོན་Doan Viet Hoat,བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་གཟེར་ལགས། ཕ་རེན་སི་གྲོས་ཚོགས་དང་ཀེ་ཎེ་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སོགས་ཡོད་པ་རེད།
དེ་བཞིན་གནས་ཚུལ་ལྟར་། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ སྟེ་རྒྱ་གར་གྱི་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ ཉིན་དང་སྟབས་བསྟུན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་ཨ་རིའི་ལྕམ་སྐུ་ཇོ་ཌོ་ ཝིལ་ཡེམ་སི་ Ms. Jody Williamsམཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག Ms. Shirin Ebadiདེ་བཞིན་ལེ་བྷེ་རི་ཡའི་ Liberiaལྕམ་སྐུ་ལི་མ་ཇི་བྷོ་ཝི་ Ms. Leymah Gboweeམཆོག་བཅས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཞི་བདེའི་དབུ་ཁྲིད་གསུམ་མཉམ་ཞུགས་མཛད་རྒྱུ་ཡིན་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།