ནོ་བེལ་གཟེངས་རྟགས་བཞེས་མཁན་ལྔས་རྒྱ་ནག་ལ་འབོད་སྐུལ།

ལིའུ་ཤའོ་བོ་རྒྱ་ནག་གཞུང་གིས་གློད་འགྲོལ་གཏང་དགོས་སྐོར་དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྔ་ཐོུང་གིས་འབོད་སྐུལ།

༄༅༎ཕྱི་ལོ་ ༢༠༡༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང༌། ད་ལྟ་ལོ་བཅུ་གཅིག་གི་བཙོན་འཇུག་ཉེས་ཆད་འཁུར་བཞིན་པ་ལིའུ་ཤའོ་བོ་རྒྱ་ནག་གཞུང་གིས་གློད་འགྲོལ་གཏང་དགོས་སྐོར། དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྔ་ཐུན་མོང་ཐོག་ནས་འབོད་སྐུལ་གནང་འདུག 
ད་ལམ་ལིའུ་ཤའོ་བོ་གློད་འགྲོལ་ཡོང་ཐབས་ཀྱི་འབོད་སྐུལ་གནང་མཁན་གྱི་གྲས་སུ་ ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་དང༌། ཨོ་རན་གྱི་རང་དབང་འཐབ་རྩོད་པ་ལྕམ་ཤི་རིན་ཨེ་སྦ་ཌི་། ས་འོག་འབར་རྫས་མེད་པ་བཟོ་རྒྱུར་ལས་འཁུར་རྐང་བཞེས་གནང་མཁན་ཨ་རི་བ་ལྕམ་ཇོ་ཌི་ལྦི་ལི་ཡེམ་སི། བྱང་ཨཡར་ལེནདྲ་ནང་མི་རིགས་དབར་གྱི་ཁྲུག་རྩོད་ཞི་ཐབས་གནང་མཁན་མའེ་རེདྲ་མ་གུ་ལྦ་ཡར་དང༌སྦེ་ཀྲི་ལྦི་ལི་ཡེམ་སི་བཅས་པ་ཡིན་འདུག་ཅིང༌། ཁོང་རྣམ་པ་ཐུན་མོང་གི་ཐོག་ནས་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། སྔ་ལོ་ནོ་སྦེལ་གཟེངས་བསྟོད་ཚོགས་ཆུང་གིས་སྐུ་ཞབས་ལིའུ་ཤའོ་བོ་ལ་ཞི་བདེའི་བྱ་དགའ་འབུལ་ནས་ད་ཆ་མི་ལོ་གཅིག་ཧྲིལ་པོ་ཕྱིན་ཡོད་ཀྱང༌། ཁོང་ད་ལྟའང་སྡུག་རྩུབ་ཀྱི་འོག མུ་མཐུད་བཙོན་ཁང་ནང་གནས་བཞིན་པ་དེ། འཛམ་གླིང་མི་མང་གིས་བརྗེད་ཐབས་མེད་པ་ཞིག་ཡིན་པར་སོང༌། སྨྲ་བརྗོད་ཀྱི་རང་དབང་རྩ་ཆེར་འཛིན་མཁན་ཚང་མས་ལིའུ་ཤའོ་བོ་གློད་འགྲོལ་ཡོང་ཐབས་སུ་ང་ཚོས་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེར་རྒྱབ་སྐྱོར་བྱེད་པའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org