དགེ་བཤེས་ཚུལ་ཁྲིམས་སྙན་གྲཊ་ལ་མི་ལོ་དགུའི་ཁྲིམས་ཐག་བཅད་འདུག
ད་བར་གནས་སྟངས་གསལ་བོ་མེད་པར་ལུས་བའི་དགེ་རྒན་ཚུལ་ཁྲིམས་སྙན་གྲགས་ལ་རྒྱ་ནག་གིས་མི་ལོ་དགུའི་ཁྲིམས་ཐག་བཅད་ཡོད་འདུག
-
2014-08-27 -
-
-
Your browser doesn’t support HTML5 audio
ད་བར་གནས་སྟངས་གསལ་བོ་མེད་པར་ལུས་བའི་དགེ་རྒན་ཚུལ་ཁྲིམས་སྙན་གྲགས་ལ་རྒྱ་ནག་གིས་མི་ལོ་དགུའི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ནག་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པའི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་ལྷ་སར་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་འདི་ལོའི་ཕྱི་ཟླ་༧ཚེས་༣༡ཉིན་རྒྱ་ནག་གཞུང་གིས་ཁོང་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་མ་ཟད། ཉེས་རྡུང་ཚད་མེད་བཏང་སྟེ་གསང་བའི་ཐོག་ནས་ལོ་༩ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པའི་སྐོར་ད་ལྟ་ཡོ་རོབ་ལ་གནས་སྡོད་འབྲི་རུ་བ་བསམ་འགྲུབ་ཀྱིས་འདི་གར་ངོ་སྤྲོད་གནང་ཡོད།
ད་ལོ་དགུང་གྲངས་༤༠ཙམ་ལ་ཕེབས་པའི་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཚ་ཆུ་ཤང་རབ་བརྟན་དགོན་པའི་དཔེ་ཁྲིད་དགེ་རྒན་ཡིན་པ་དང། ༢༠༡༢ལོའི་ཟླ་༡༢པའི་ནང་ཁོང་ལྷ་སར་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་བདུན་ལྷག་གར་སོང་ཆ་མེད་གྱུར་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༧ཚེས་༣༡ཉིན་རྒྱ་གཞུང་གིས་ཁོང་གི་ནང་མིར་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་ལ་ནག་ཉེས་ཇི་ཡོད་གནས་ཚུལ་གང་ཡང་འགྲེལ་བརྗོད་མ་བྱས་པར་བཙོན་ཁང་དུ་བཞུགས་རིང་ཁོངལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་སྐུ་གཟུགས་ཡོངས་རྫོགས་རྨས་ཁེངས་ཡོད་སྟབས་ཉེ་ལམ་ཁོང་གི་ནང་མི་ཚོས་དགེ་བཤེས་ལགས་སུ་སྨན་བཅོས་མཐུན་རྐྱེན་སྤྲོད་རྒྱུ་དང་། དེ་ལྟར་མ་བྱུང་ཚེ་ནང་མིར་རྩིས་སྤྲོད་བདག་སྐྱོང་བྱེད་ཆོག་པའི་རེ་སྐུལ་གནང་ཡོད་ཀྱང་རྒྱ་གཞུང་གིས་རེ་སྐུལ་ལ་བདག་སྤྲོད་མ་བྱས་པར་ཁོང་ལོ་༩འི་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་བརྡ་ལན་སྤྲད་འདུག་ལ་ད་ཆ་ཁོང་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།