ལྷ་སར་བལ་བོད་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ།

བལ་བོད་བར་ཅ་དངོས་འབོར་འདྲེན་གྱི་འགྲུལ་སྐྱེལ་སྣུམ་འཁོར་གྲངས་ཚད་མང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་གནང་རྒྱུ་ཡིན་འདུག

བལ་བོད་ས་མཚམས་Rasuwagadhi དྲ་བཤུས།

བལ་བོད་བར་ཅ་དངོས་འབོར་འདྲེན་གྱི་འགྲུལ་སྐྱེལ་སྣུམ་འཁོར་གྲངས་ཚད་མང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་༢༥་ནས་༢༦་དབར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྐོང་འཚོགས་གནང་རྒྱུའི་བལ་བོད་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ནང་བལ་ཡུལ་ཚོང་འབྲེལ་བློན་ཆེན་ལས་ཁང་གི་ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་Raj Koiralaཡིས་སྣེ་ཁྲིད་གནང་བའི་འབྲེལ་ཡོད་ཚོང་འབྲེལ་གྱི་གལ་ཆེའི་སྐུ་ཚབ་མི་སྣ་ལྔ་ཡིས་མཉམ་ཞུགས་གནང་གི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ཁོང་རྣམས་ཀྱིས་སྐྱིད་གྲོང་དང་། Rasuwagadhi བལ་ཡུལ་ས་མཚམས་བརྒྱུད་ཅ་དངོས་འབོར་འདྲེན་གྱི་འགྲུལ་སྐྱེལ་སྣུམ་འཁོར་གྱི་གྲངས་ཚད་མང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་གནང་རྒྱུ་ཡིན་པ་རེད་འདུག དེ་ལྟར་གྲོས་འཆར་བཏོན་གནང་དགོས་དོན་ནི་ད་ལྟའི་ཆར་བལ་བོད་ས་མཚམས་བརྒྱུད་ཅ་དངོས་འབོར་འདྲེན་གྱི་འགྲུལ་སྐྱེལ་སྣུམ་འཁོར་གཉིས་ནས་གསུམ་བར་མ་གཏོགས་མེད་པས་བལ་བོད་གཉིས་དབར་གྱི་ཚོང་དོན་འབྲེལ་ལམ་རྒྱ་བསྐྱེད་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་གཉིས་དབར་ཚོང་འབྲེལ་གྱི་འགྲིམ་འགྲུལ་སྟབས་བདེ་བཟོ་རྒྱུའི་ཆེད་དུ་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་བོད་ཀྱི་སྐྱིད་གྲོང་ས་ཁུལ་ནས་ཐད་ཀར་བལ་ཡུལ་བར་ཚོང་དོན་འགྲིམ་འགྲུལ་གྱི་རྒྱ་ལམ་བསྐྱར་བཟོ་བྱས་ཡོད་པ་རེད། བསྐྱར་གསོ་གནང་བའི་རྒྱ་ལམ་དེའི་བརྒྱུད་རིམ་ནས་བལ་བོད་གཉིས་དབར་གྱི་ཚོང་དོན་འབྲེལ་ལམ་ཡར་རྒྱས་དང་། རྒྱ་ཆེར་འགྲོ་རྒྱུར་ཕྱོགས་གཉིས་ཀའི་ངོས་ནས་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྤྱིར་འདས་པའི་ལོ་ལྔའི་ནང་བལ་བོད་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་ལོ་ལྟར་སྐོང་འཚོགས་གནང་ཡོད་པ་དང་། ན་ནིན་ཕྱི་ལོ་༢༠༡༣་ལོའི་ཚོགས་འདུ་དེ་ལོ་དེའི་ཕྱི་ཟླ་བརྒྱད་པའི་ནང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་བསྐོངས་འཚོགས་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org