བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་དྲུང་ཆེར་རྒྱབ་སྐྱོར།

བལ་ཡུལ་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་དྲུང་ཆེའི་ལས་དུས་འཕར་མ་གནང་རྒྱུར་རྒྱབ་སྐྱོར།

༄༅༎བལ་ཡུལ་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་དྲུང་ཆེའི་ལས་དུས་འཕར་མ་གནང་རྒྱུར་རྒྱབ་བསྐྱོར་ཡོད་པའི་སྐོརཡུལ་གྱི་རི་པབ་ལི་ཀ་ཞེས་པའི་གསར་ཤོག་ནང་གནས་ཚུལ་ཐོན་ཡོད་པ་རེདབལ་ཡུལ་གྱི་སྲིད་བློན་གྱི་ཕྱི་སྲིད་སློབ་སྟོན་པ་སྐུ་ཞབས་མི་ལའན་ཏུ་ལ་རྡར་ཡིས་བལ་ཡུལ་གྱིས་སྦན་ཀི་མུན་མཆོག་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་དུས་འཕར་མ་གནང་རྒྱུའི་གནད་དོན་དེཁ་སྔོན་ཕྱི་ཚེས་ ༦ ཉིན་རྒྱལ་ཚོགས་ཀྱི་ཨེ་ཤི་ཡའི་ཚོགས་ཆུང་གིས་ཐག་གཅོད་གནང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་དང་ཁོང་གིས་ང་ཚོས་ཨེ་ཤི་ཡའི་ཡུལ་ཁག་མང་ཆེ་བའི་ཐག་གཅོད་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་གསུང་པ་གོང་ཞུས་བལ་ཡུལ་གྱི་གསར་ཤོག་དེས་ལུང་འདྲེན་གནང་ཡོད་པ་རེད

ཡང་ཁོང་གིས་སྦན་ཀི་མུན་དང་བལ་ཡུལ་བར་འབྲེལ་ཐག་ཉེ་པོ་ཡོད་པ་དང་ལྷག་པར་དུ་ཁོང་དང་ཡུལ་གྱི་ཞི་བདེའི་ལས་དོན་ཐོག་འབྲེལ་ལམ་དམ་གཟབ་ཆགས་ཡོད་པ་རེད་ཅེས་དང་ཁོང་ཡུལ་གྱི་དོན་ཚན་ ༡༢ ཅན་གྱི་གྲོས་མཐུན་དེར་མིང་རྟགས་བཀོད་པ་ནས་ཡུལ་ནང་རྒྱལ་ཚོགས་ཀྱི་ལས་ཁུངས་གསར་འཛུགས་གནང་བའི་བར་འབྲེལ་ལམ་དེ་ཧ་ཅང་གི་དམ་གཟབ་ཅིག་ཡོད་པ་དང་  ང་ཚོས་ཁོང་ལ་རྒྱབ་བསྐྱོར་མུ་མཐུད་ཞུ་རྒྱུ་མ་ཟད་ཁོང་གི་བྱ་བ་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་གི་ཡོད་ཅེས་གསུང་འདུག          

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org