རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོས་དམག་དོན་ཡར་རྒྱས་གཏོང་བཞིན་པ།

རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོས་འཐབ་འཁྲུག་བྱ་སྤྱོད་འགོག་ཐབས་སུ་དམག་དོན་ཡར་རྒྱས་གཏོང་བཞིན་ཡོད་པ་རེད།

ཨུ་རུ་སུའི་གོ་མཚོན་ཞིག་ཝེ་ཊི་ནམ་ལ་འབྱོར་བཞིན་པ། ༢༠༡༤ དྲ་བཤུས/WSJ

རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོས་འཐབ་འཁྲུག་བྱ་སྤྱོད་འགོག་ཐབས་སུ་དམག་དོན་ཡར་རྒྱས་གཏོང་བཞིན་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་ཕྱོགས་ནས་ན་ནིང་ཕྱི་ཟླ་བཅིུག་པའི་ནང་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ལྷན་དུ་ཚོགས་པའི་ལྷན་ཚོགས་ཐོག་ལ་འབྲེལ་ལམ་བཟང་ཕྱོགས་སུ་གོང་འཕེལ་བཏང་སྟེ། ཁྱིམ་མཚེས་རྒྱལ་ཁབ་ཚོའི་ལྷན་དུ་ཞི་མཐུན་བྱ་རྒྱུའི་རྣམ་འགྱུར་བཏོན་ཡོད་པའི་ཁོངས་སུ་རྒྱ་ནག་གི་སྲིད་འཛིན་Xi Jinpingདང་། ཉི་ཧོང་གི་སྲིད་བློན་སྐུ་ཞབས་Shinzo Abeགཉིས་ནས་༢༠༡༢ ལོར་སྲིད་དབང་བཟུང་པ་ནས་བཟུང་དངོས་སུ་མཇལ་འཕྲད་གནང་བ་མ་ཟད། རྒྱ་ནག་གི་ཕྱོགས་ནས་མངའ་ཁུལ་གྱི་མཚོ་ཁའི་འབབ་ཚུགས་ཁག་ལ་དཔལ་འབྱོར་གྱི་མ་དངུལ་དང་། རྨང་གཞིའི་འཛུགས་སྐྲུན་ཐོག་ལ་མ་དངུལ་ཐེར་འབུམ་འགའ་ཤས་ཀྱི་མ་རྩ་འཛུགས་འཇོག་བྱ་རྒྱུའི་ཁས་ལེན་བྱས་ཡོད་ལ། ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་ལས་དོན་འདིའི་ནང་མཉམ་ཞུགས་བྱས་པ་དང་། རྒྱ་ནག་གི་རོགས་དངུལ་ལེན་བཞིན་ཡོད་ཀྱང་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་དེ་དག་དབར་གྱི་གཞི་རྩའི་ཛ་དྲག་གི་གནས་སྟངས་དེ་ཞི་མཐུན་ཡོང་ཐབས་མེད་པ་རེད། དེར་བརྟེན་རྒྱ་གར་དང་། Indonisia, ཉི་ཧོང། Malaysia, Philippines, Vietnam རྒྱལ་ཁབ་ཚོས་ཕྱིའི་རྒྱལ་ཁབ་Franceདང་། ཨ་མི་རི་ཀ། ལྷོ་ཀོ་རི་ཡ། Russiaནས་དེང་རབས་ཀྱི་གནམ་དམག་དང་། མཚོ་འོག་དམག་གྲུ་སོགས་ཉོ་བསྒྲུབ་བྱས་ཡོད་པ་རེད། ཡིན་ནའང་Vietnamཡི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས། ཁོང་ཚོའི་དམག་དོན་ཡར་རྒྱས་ཀྱི་ལས་གཞི་དེ་ནི་རྒྱ་ནག་ལ་དམིགས་ནས་ཉོ་གྲུབ་བྱས་པ་ཞིག་མིན་པ་དང། གོ་མཚོན་ཉོ་གྲུབ་བྱས་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་དུ་རྒྱུན་ལྡན་གྱི་དམག་དོན་གྱི་བྱེད་སྒོའི་རྣམ་གྲངས་ཤིག་ཡིན་པ་ལུགས་བཤད་ཡོད་ཀྱང་། Vietnamཁོ་ནས་Russia ནས་མཚོ་འོག་དམག་གྲུ་དྲུག་དང། དམག་གྲུ་རིགས་ཆུང་བ་དྲུག དེ་བཞིན་གནམ་དམག་༣༦ཉོ་གྲུབ་བྱས་ཡོད་པ་མ་ཟད། ཨ་མི་རི་ཀའི་ངོས་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཚོ་དང་དེའི་ནང་ནས་དམིགས་བསལ་ཉི་ཧོང་ལ་དམག་དོན་གྱི་ནུས་པ་ཡར་རྒྱས་གཏོང་དགོས་པའི་སྐུལ་དེད་གཏོང་བའི་ཁར་ཨ་རིའི་ནང་ནས་གོ་མཚོན་ཉོ་གྲུབ་ཆོག་པའི་ཁྲོམས་ར་སྒོ་མོ་ཕྱེ་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org