༸གོང་ས་མཆོག་གིས་ཨ་རིའི་མི་ཞིག་ལ་དམིཌ་བསལ་མཇལ་ཁ།
ཨ་མི་རི་ཀའི་གྲོང་ཁྱེར་ནེ་པལ་སེ་ཡིན་པའི་མི་ཞིག་ལ་༸གོང་ས་མཆོག་དང་དམིགས་བསལ་ཞལ་མཇལ་དང་བཀའ་མོལ་གནང་རྒྱུའི་གནས་ཚུལ།
-
2009-04-25 -
-
-
༄༅༎ཨ་མི་རི་ཀའི་བརྙན་འཕྲིན་ལས་ཁང་ཨེན་སྦི་སིའི་ཡན་ལག་ཨེན་སྦི་སི་གཉིས་པ་ཞེས་པའི་གསར་འགྱུར་ཚན་པའི་གསར་འགོད་པ་ཨེན་ཨི་མེ་ནུའེལ་གྱིས་ཁེ་ས་སྤེལ་བའི་གནས་ཚུལ་ལྟར་ན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ཆིབ་ས་བསྒྱུར་གནང་བའི་རིང་འཛམ་གླིང་གི་མི་མང་ཚང་མའི་ཁོངས་ནས་ཨ་མི་རི་ཀའི་གྲོང་ཁྱེར་ནེ་པལ་སེ་ཟེར་བ་ནས་ཡིན་པ་མིང་ལ་རིཀ་རི་ཆ་དྲི་སཱེན་ཟེར་བའི་མི་དེ་གཅིག་པུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་དང་ཞལ་གཏུགས་ཏེ་དམིགས་བསལ་ཞལ་མཇལ་དང་བཀའ་མོལ་གནང་རྒྱུ་ཡིན་པ་དང་ཁོང་གི་ངོས་ནས་༸གོང་ས་མཆོག་ལ་བཀའ་འདྲི་གཅིག་རང་ཞུ་རྒྱུ་ཡིན་པ་རེད།
བཀའ་འདྲི་ཞུ་རྒྱུ་དེ་ནི་ང་རང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ཏེ་ལག་ལེན་བསྟར་རྒྱུའི་ལམ་སྟོན་བཀའ་སློབ་ཞིག་ང་ལ་གསོལ་རས་གནང་རོགས་གནང་ཡག་དེ་ག་རེ་ཡིན་ནམ་ཞེས་པ་དེ་ཡིན་པ་རེད། གྲོང་ཁྱེར་ནེ་པལ་སེ་ནས་ཡིན་པའི་རིཀ་རི་ཆ་དྲེ་སཱེན་ཟེར་བའི་མི་དེ་ནི་ས་ཆུ་མེ་རླུང་སོགས་རང་བཞིན་འབྱུང་བ་འཁྲུག་པའི་དོན་རྐྱེན་དང་འཇིགས་སྐུལ་དྲག་སྤྱོད་པ་སོགས་བཟང་སྤྱོད་ཀྱི་རིན་ཐང་བྲལ་བའི་མི་ངན་ཚོས་བསམ་བཞིན་དུ་བརྩམས་པའི་རྐྱེན་ངན་གོད་ཆགས་ནམ་བྱུང་སྐབས་སུ་ཆགས་རྒོ་ཕོག་པའི་མི་མང་ཚོར་བྱམས་བརྩེ་ཀུན་ནས་བསླང་སྟེ་གཞན་དོན་བྱེད་མཁན་རང་བཞིན་གྱི་ཁྱད་ཆོས་བཟང་པོ་ལྡན་པའི་གང་ཟག་ཞིག་ཡིན་པ་རེད། ༸གོང་ས་མཆོག་གི་སྐུ་ཚེ་ནི་གཞན་ཕན་གཙོ་བོར་བཟུང་སྟེ་རྟག་ཏུ་བྱམས་དང་བརྩེ་བའི་རིན་ཐང་དར་སྤེལ་གནང་མཁན་དང་ཁོང་གིས་རྗེས་སུ་བཟུང་ཞིང་མིག་བལྟ་བྱ་སའི་དཔའ་བོའི་གྲས་སུ་ངོས་འཛིན་དང་བརྩི་བཀུར་ཞུ་ཡུལ་ཡིན་པ་རེད༎