བོད་ནང་འགག་སྒོ་ཕྱིར་འཐེན་དང་བོད་མི་ཚོར་སྐོར་བ་བྱེད་བཅུག་འདུག

ཨ་རིའི་གྲོས་ཚོཊ་ཀྱི་སྐུ་ཚབ་ཚོཊ་པས་བོད་ནང་གཟིཊ་སྐོར་སྐབས་རྒྱ་ནག་གིས་དམག་གི་འགག་སྒོ་ཕྱིར་འཐེན་དང་བོད་མི་ཚོར་སྐོར་བ་བྱེད་བཅུག་པ།

རྒྱ་ནག་གི་ཉེན་རྟོག་པས་བོད་ནང་པར་རྒྱག་མཁན་ལ་བཀག་འགོག་བྱེད་བཞིན་པ། པར་ཚགས།

ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་སྐུ་ཚབ་ཚོཊ་པས་བོད་ནང་གཟིཊ་སྐོར་སྐབས་རྒྱ་ནག་གིས་དམག་གི་འགག་སྒོ་ཕྱིར་འཐེན་དང་བོད་མི་ཚོར་སྐོར་བ་བྱེད་བཅུག་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ད་རེས་བོད་ནང་གཟིགས་སྐོར་ཕེབས་སྐབས། རྒྱ་ནག་གཞུང་ཕྱོགས་ནས། བོད་ཀྱི་གྲོང་ཁྱེར་ལྷ་སའི་ནང་དང་ཉེ་འཁོར་གྱི་སྡེ་ཁག་རེ་ནས་མི་སྣ་བཅུ་རེ་དང་། གྲོང་ཁྱེར་ནང་གི་སྒོ་ར་རེ་ནས་མི་དྲུག་རེ་བཙན་སྐུལ་བྱས་ཏེ། བོད་ནང་ཆོས་དད་རང་མོས་ཡོད་པའི་རྣམ་པ་ཕྱིར་མངོན་ཐུབ་པའི་ཆེད་དུ། བོད་མི་ཚོ་བཙན་གྱིས་བར་སྐོར་དང་། དགོན་པ་སོགས་ལ་སྐོར་རར་འགྲོ་རུ་བཅུག་ཡོད་པ་མ་ཟད། དགོན་པ་ཁག་ཏུའང་ཚོགས་འཚོགས་བཅུག་ཡོད་པ་རེད་ཅེས་སོགས་བོད་མི་ཞིག་གིས་ངོ་སྤྲོད་གནང་འདུག
གཟིགས་སྐོར་ཐད་ལྕམ་Nancy Pelosiམཆོག་གིས་ཨ་རིའི་རྒྱལ་ས་ནས་གསར་འགོད་པ་ཚོར། ཁོང་རྣམས་བོད་ལ་ཕེབས་སྐབས་ཕྱི་རྒྱལ་གྱི་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་བཀག་སྡོམ་བྱས་སྟབས། ཁོང་རྣམས་ཀྱིས་བོད་མི་དཀྱུས་མ་རྣམས་ལ་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་མེད་པ་དང་། རྒྱ་ནག་གཞུང་གིས་ཁོང་རྣམ་པའི་གཟིགས་སྐོར་ལ་སྟངས་འཛིན་ཚད་བཀག་དང་དོ་དམ་ནན་མོ་བྱས་པ་གསུངས་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosi་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིས་ཕྱི་ཟླ་༡༡པའི་ཚེས་༩ནས་༡༡བར་ཉི་མ་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་ཞིབ་གནང་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། དྲུང་ཆེ་གཞོན་པ་སོགས་ལྷ་སར་ཡོད་པའི་རྒྱ་མིའི་འགོ་ཁྲིད་ཁག་གཅིག་དང་ཐུག་འཕྲད་གནང་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org