འབར་མའི་སྲིད་འཛིན་གྱིས་སློབ་སྟོན་པ་བསྐོ་བཞག

འབར་མའི་སྲིད་འཛིན་ནས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨན་སན་སུ་ཀི་མཆོག་གི་མཛའ་གྲོགས་ཤིག་སློབ་སྟོན་པའི་གྲས་སུ་བསྐོ་བཞག།

༄༅༎འབར་མའི་སྲིད་འཛིན་མཆོིག་གིས་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨན་སན་སུ་ཀི་མཆོག་གི་མཛའ་གྲོགས་ཤིག་སྲིད་འཛིན་མཆོག་ལ་སློབ་སྟོན་འབུལ་མཁན་གྲས་སུ་བསྐོ་བཞག་བྱས་ཡོད་པ་དེས་འབར་མའི་གཞུང་དང་དམངས་གཙོ་ཚོགས་པའི་དབུ་ཁྲིད་དབར་ཕན་ཚུན་འབྲེལ་མཐུན་གནང་སྟེ་ཡུལ་གྱི་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད།

དགུང་གྲངས་༧༣་ལ་ཕེབས་པའི་ཨུ་མིནཏ་ནི་འབར་མའི་དཔལ་འབྱོིར་དང་སྲིད་དོན། རྩ་ཁྲིམས་སོགས་ཀྱི་ལས་དོན་སྤེལ་མཁན་གྲགས་ཅན་དགུ་ནང་ནས་གཅིག་ཡིན་པ་དང་ཁོང་གིས་འབར་མའི་དྲག་པོའི་གཞུང་ལ་དཔལ་འབྱོིར་གྱི་དམ་བསྒྲགས་སྲིད་བྱུས་སྤེལ་རྒྱུར་འགག་བྱ་རྒྱབ་མཁན་གྱི་གྲཤིག་ཡིན་པ་རེད།

ཁོང་གིས་གསུང་པར་ངས་ཨན་སན་སུ་ཀི་དང་གཞུང་གི་དབར་སྲིད་དོན་འགྲིག་འཇགས་ལྟ་བུ་ཞུ་མི་ཐུབ་ཀྱང་ཡིན་ནའི་ཡུལ་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་འདིའི་ཐད་འབྲེལ་མཐུད་ཞུ་རྒྱུའི་འབད་བརྩོན་ཞུ་བཞིན་པ་དེའི་ཐད་ཨན་སན་སུ་ཀི་མཆོག་གིས་དེའི་ཐད་ནུས་པ་འདོན་སྤེལ་གནང་ཐུབ་ངེས་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org