༧གོང་ས་མཆོག་འབར་མའི་ཡུལ་དུ་གདན་ཞུའི་རེ་འདུན།

སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོས་༧གོང་ས་མཆོག་འབར་མའི་ནང་གདན་ཞུའི་རེ་འདུན་ལ་གཞུང་གི་བཀའ་འཁྲོལ་ཞུ་བཞིན་ཡོད་པ།

༄༅༎འབར་མའི་ནང་ཅུང་ཆབ་སྲིད་ཀྱི་གུ་ཡངས་སྲིད་བྱུས་གཏོང་འགོ་ཚུགས་་པའི་གོ་སྐབས་དང་བསྟུན་ འབར་མའི་གྲོང་ཁྱེར་མན་ཊ་ལེའི་ནང་རྟེན་གཞི་བྱས་པའི་ སི་ཏ་གུ་ནང་པའི་དགོན་ཆེན་གྱི་མཁན་པོ་ ཨ་ཤེན་ ན་ཡན་ནི་ ས་ར་མཆོག་གིས་ ཁོང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབར་མའི་ནང་གདན་ཞུའི་རེ་འདུན་ལ་གཞུང་གི་བཀའ་འཁྲོལ་ཞུ་བཞིན་ཡོད་པའི་སྐོར་ཁོང་གིས་ཁ་ས་ཨ་མི་རི་ཀའི་སྙན་གྲགས་ཆེ་བའི་ལྦལ་སི་ཊི་ཇོ་ནལ་གསར་ཤོག་ལ་གསུངས་ཡོད་པ་རེད་
རྒྱུན་རིང་དྲག་པོའི་དམག་དཔུང་གི་འགོ་ཁྲིད་ཀྱིས་དབང་འཛིན་བྱས་པའི་འབར་མའི་རྒྱལ་ཁབ་འདིའི་ནང་མི་མང་བརྒྱ་ཆ་༨༠ ནང་པ་ཡིན་ཞིང་ འབར་མའི་སྲིད་འཛིན་ཉེ་ལམ་རྒྱ་གར་ནང་གཟིགས་བསྐོར་སྐབས་སུའང་ ཁོང་གི་མཛད་འཆར་གཙོ་བོ་རྒྱ་གར་ནང་ ནང་པའི་གནས་ས་ཁག་ལ་ཆོས་མཇལ་བཅར་ཡོད་པ་རེད་
འབར་མའི་བླ་ཆེན་ཨ་ཤེན་ ན་ཡན་ནི་ ས་ར་མཆོག་གིས་ ཁོང་ད་རེས་རྒྱ་གར་ནང་བསྐོངས་ཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ལ་ཚོགས་བཅར་སྐབས་ ཁོང་ལ་༧སྤྱི་ནོར་༧གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་ སྐབས་དེར་༧སྤྱི་ནོར་༧གོང་ས་མཆོག་འབར་མའི་ནང་གདན་ཞུའི་བཀའ་མོལ་ཞུ་རྒྱུ་བྱུང་ལ་ ༧གོང་ས་མཆོག་འབར་མའི་ནང་གནས་མཇལ་ཕེབས་རྒྱུའི་ཐུགས་འདོད་གནང་གི་འདུག་ རང་ཉིད་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཡིན་པས་ ང་ལ་འཛམ་གླིང་གི་ནང་པའི་བླ་ཆེན་གང་འདྲ་གདན་ཞུ་བྱ་དགོས་ཀྱང་ ཐོབ་ཐང་ཡོད་ལ་ ངོས་ཀྱི་རེ་བར་ ༧གོང་ས་མཆོག་ལོ་རྗེས་མའི་ནང་ཚུད་ འབར་མའི་རྒྱལ་ས་རྙིང་པ་ ཡང་གུན་ནང་རྟེན་གཞི་བྱས་པའི་རྩ་ཆེའི་ ས་ལྦི་རྡ་མཆོད་རྟེན་ལ་གནས་གཟིགས་གདན་ཞུ་འབུལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག་
འོན་ཀྱང་གོང་ཞུས་གསར་ཤོག་གི་གསར་འགོད་པས་འབར་མའི་སྲིད་འཛིན་གྱི་སློབ་སྟོན་་ཀོ་ཀོ་ ཧཡེ་ལངས་ཞུ་བར་༧གོང་ས་མཆོག་གདན་ཞུའི་ཐད་ འབར་མའི་གཞུང་གི་བཀའ་འཁྲོལ་ཡོང་གི་ཡོད་མེད་བཅར་དྲིས་བྱེད་སྐབས་ ཁོང་སྐུ་སྒེར་གྱི་ཚོར་སྣང་ལ་ སྤྱིར་ཆོས་ཕྱོགས་ཀྱི་གནད་དོན་ནས་༧གོང་ས་མཆོག་ལ་གདན་ཞུ་འབུལ་རྒྱུར་དཀའ་ངལ་གང་ཡང་མཐོང་གི་མེད་ཀྱང་ རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་རྙོག་གླེང་བཟོ་ཉེན་ལ་བརྟེན་ཅུང་དཀའ་ངལ་འཕྲད་སྲིད་པའི་དགོངས་ཚུལ་གསུངས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org