འབར་མའི་དཔལ་འབྱོར་བཀག་སྡོམ་ཕྱིར་བསྡུ་དགོས་པའི་རེ་འབོད།

འབར་མའི་ནང་གྲངས་ཉུང་མི་རིགས་ཀྱི་སྲིད་དོན་ཚོགས་པ་གཙོ་གྲས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོར་འབོད་བསྐུལ་ཞིག་ཞུས་གནང་ཡོད་འདུག

༄༅༎འབར་མའི་ནང་གྲངས་ཉུང་མི་རིགས་ཀྱི་སྲིད་དོན་ཚོགས་པ་གཙོ་གྲས་ཀྱིས་རྒྱལ་ཁབ་ཀྱི་གྲོས་ཚོགས་གསར་པ་དབུ་འབྱེད་ཀྱི་སྔ་་ནུབ་ཏུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་འབར་མའི་ཐོག་དཔལ་འབྱོར་བཀག་སྡོམ་རིགས་ཕྱིར་བསྡུ་བྱ་དགོས་པའི་འབོད་བསྐུལ་ཞུས་གནང་ཡོད་འདུག

སྲིད་དོན་ཚོགས་པ་དེ་དག་ཐོུང་གིས་རེས་གཟའ་ཉི་མའི་ཉིན་བསྒྲགས་གཏམ་ཤིག་སྤེལ་བའི་ནང་ ང་ཚོ་གདོན་མའི་མི་རིགས་ཀྱི་སྲིད་དོན་ཚོགས་པ་ཁག་མཉུམ་རུབ་ཀྱིས་ཨ་མི་རི་ཀ་དང་ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་འབར་མའི་ཐོག་དཔལ་འབྱོར་བཀག་སྡོམ་བྱེད་བཞིན་པ་དེས་གྲངས་ཉུན་རིགས་ས་ཁུལ་གྱི་འཛུགས་བསྐྲུན་ཡར་རྒྱས་ལ་འགོག་རྐྱེན་འཕྲད་བཞིན་པར་བརྟེན་ད་ཆ་དཔལ་འབྱོར་བཀག་སྡོམ་རིགས་ཕྱིར་འཐེན་དགོས་པའི་རེ་འདུན་བཏོང་ཡོད་འདུག བསྒྲགས་གཏམ་དེར་མཚན་རྟགས་འཁོད་མཁན་གྲས་སུ་ ཤན་མི་རིགས་དམངས་གཙོ་ཚོགས་པ་དང་ ར་ཁིན་མི་རིགས་ཡར་རྒྱས་ཚོགས་པ་ ཆིན་རྒྱལ་ཡོངས་ཚོགས་པ་ མོན་ས་ཁུལ་དམངས་གཙོ་ཚོགས་པ་ དང་ཕ་ལོན་ཤ་ལྦ་ལྦ་དམངས་གཙོ་ཚོགས་པ་བཅས་་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org