རྒྱ་ནག་གཞུང་ཚབ་ཀྱི་མེ་སྐྱོན་དང་སྤྱི་འཐུས་ལྷན་ཁང་གི་བསྒྲཊ་གཏམ།

ཉེ་ཆར་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་གི་མདུན་སྒོར་མེ་བརྒྱབ་པའི་ཐད་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་འདུག

བཙན་བྱོལ་ནང་གི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།

ཉེ་ཆར་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁང་གི་མདུན་སྒོར་མེ་བརྒྱབ་པའི་ཐད་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་འདུག
དེ་ཡང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་དེའི་ནང་། དང་ཐོག་ཨ་རིའི་གྲོང་ཁྱེར་སན་ཕཱི་རན་སི་སི་ཁོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དུ་མེ་སྐྱོན་ཚབས་ཆེ་ཐེབས་པའི་གནས་ཚུལ་དེ་ནི། བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པར་གསུངས་ཤིང་། དེ་ནས་བསྒྲགས་གཏམ་དེའི་ནང་། དེ་འདྲའི་འཚེ་བའི་ལས་ལ་འཇིག་རྟེན་སྐྱེ་འགྲོ་ཀུན་གྱིས་སྐྱོན་བརྗོད་དང་འགོག་ཐབས་བྱ་རྒྱུ་ནི་སྨོས་མི་དགོས་པ་ཞིག་ཡིན་ནའང་།  བསམ་ཡུལ་ལས་འདས་པ་ཞིག་ལ་གནས་ཚུལ་དེའི་ཐོག་རྒྱ་ནག་གི་ཕྱི་ནང་གཉིས་སུ་ཡོད་པའི་མི་སེར་ཚོས་ཁོང་ཁྲོ་མེ་ལྟར་འབར་བཞིན་པའི་གནད་འགག་གི་དུས་དེར། ཨ་རིའི་རྒྱང་བསྒྲགས་ལས་ཁུངས་ABCགསར་ཁང་ནས་མེ་བརྒྱབ་སའི་ས་ཆ་དེར་། བོད་དོན་དང་འབྲེལ་བའི་ཡིག་ཆ་ཡོད་སྐོར་གསལ་བསྒྲགས་བྱས་ཤིང་། དེས་རྐྱེན་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་གསར་ཤོག་གོ་ལའི་དུས་བབ་Global Timesནས་ཀྱང་། གནས་ཚུལ་དེར་ཁ་གཡར་ཏེ་། བོད་རང་བཙན་ཤོག་ཁག་གིས་རྒྱུན་དུ་ནས་རྒྱ་ནག་གི་གཞུང་ཚབ་སོགས་ལ་དམིགས་པའི་གཏོར་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་ལུགས་ཀྱི་དཔྱད་གླེང་གང་མང་སྤེལ་ཞིང་།  རྒྱ་ཆེའི་རྒྱ་ནག་མི་མང་དང་འཛམ་གླིང་མི་མང་མདུན་ལ་བོད་མིས་འཚེ་བའི་ལས་འགུལ་སྤེལ་བཞིན་ཡོད་པའི་བབ་ཆགས་ངན་པ་ཞིག་བཞག་བཅུག་ཡོད་ཅེས་དང་། ད་དུང་བསྒྲགས་གཏམ་དེའི་ནང་། གལ་སྲིད་གོང་གསལ་ཨ་རིའི་རྒྱང་བསྒྲགས་ལས་ཁུངས་ABCགསར་ཁང་དང།  རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་ཚགས་ཤོག་གོ་ལའི་དུས་བབ་Global Timesགཉིས་ནས་གོང་གསལ་གནད་དོན་དང་འབྲེལ་བའི་ཐོག་བོད་མིར་ཁུངས་བསྐྱེལ་དཔང་རྟགས་དང་བཅས་འགྲེལ་བཤད་འདང་ངེས་ཤིག་མེད་ན། ང་ཚོས་ཁྲིམས་ཐོག་ནས་ལག་བསྟར་ཇི་དགོས་བསམ་བློ་གཏོང་རྒྱུ་ཡིན་པ་སོགས་འཁོད་འདུག
གསར་འགོད་པ་ཀུན་རིག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org