བོད་ནང་འདོགས་ཁྱི་བདག་མེད་ཇེ་མང་དུ་སོང་ནས་བདེ་འཇགས་ལ་ཉེན་འཚབ་ཡོད་འདུག
རྒྱ་ནག་ནང་འདོགས་ཁྱིའི་རིན་གོང་ཆག་པའི་གནས་སྟངས་འོག་བོད་ནང་འདོགས་ཁྱི་བདག་མེད་ཇེ་མང་ལ་སོང་ནས་ད་ཆ་བདེ་འཇགས་ཀྱི་ཉེན་ཁའི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག
-
2017-09-15 -
-
-
རྒྱ་ནག་ནང་འདོགས་ཁྱིའི་རིན་གོང་ཆག་པའི་གནས་སྟངས་འོག་བོད་ནང་འདོགས་ཁྱི་བདག་མེད་ཇེ་མང་ལ་སོང་ནས་ད་ཆ་བདེ་འཇགས་ཀྱི་ཉེན་ཁའི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག
རྒྱ་ནག་ནང་བོད་ཀྱི་འདོགས་ཁྱི་ཉོ་མཁན་ཉུང་རུ་ཕྱིན་པ་དང་ཁྱིའི་རིན་གོང་ཆུང་དུ་ཕྱིན་པའི་རྗེས་སུ། ཁྱི་ཚོང་གི་ཆེད་འདོགས་ཁྱི་གསོ་མཁན་ཚོས་ཁྱི་བདག་མེད་དུ་བཏང་བའི་རྐྱེན་གྱིས་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་འདོགས་ཁྱི་བདག་མེད་ཀྱི་གྲངས་འབོར་དེ་མང་དུ་ཕྱིན་ཏེ། དགོན་པ་སོགས་ཀྱི་གཡས་གཡོན་དུ་འདོགས་ཁྱི་བདག་མེད་མང་པོ་མཐོང་རྒྱུ་ཡོད་པ་དང་། དེ་དག་གིས་སྒོ་ཕྱུགས་དང་མི་ལའང་སོ་རྒྱབ་རྒྱུའི་ཉེན་འཚབ་འགྱུར་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་(Global Times)་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། བར་སྐབས་ཤིག་ལ་རྒྱ་ནག་ནང་འདོགས་ཁྱི་གཅེས་ཉར་བྱ་རྒྱུར་དར་སྲོལ་ཆེན་པོ་བྱུང་སྟེ་འདོགས་ཁྱི་ཁག་གཅིག་ལ་རྒྱ་སྒོར་ས་ཡ་གསུམ་ཙམ་སྤྲད་པའི་གནས་ཚུལ་བྱུང་བ་སོགས་འདོགས་ཁྱི་གསོས་ཏེ་ཁྱི་ཚོང་རྒྱབ་མཁན་ཤུགས་ཆེ་བྱུང་ཡོད། འོན་ཀྱང་ཕྱིས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ དང་། གཞན་ཡང་གྲོང་ཁྱེར་ཆེ་ཁག་ནང་ཁྱི་གཟུགས་སྟོབས་ཆེན་པོའི་རིགས་གཅེས་ཉར་མི་ཆོག་པའི་བཀག་སྡོམ་བྱས་པ་བཅས་ཀྱི་རྗེས་སུ་འདོགས་ཁྱི་གཅེས་ཉར་བྱེད་མཁན་ཉུང་དུ་ཕྱིན་པ་དང་། རིམ་པས་དར་སྲོལ་དེ་ཡང་ཆུང་དུ་ཕྱིན་པའི་རྗེས་ཁྱི་ཚོང་ཆེད་ཁྱི་གསོ་མཁན་མང་པོ་ཞིག་ལ་ཁེ་གྱོང་སྒོ་མ་ཐུག་པར་འདོགས་ཁྱི་བདག་མེད་དུ་བཏང་སྟེ། ད་ཆ་ས་ཁུལ་གང་སར་འདོགས་ཁྱི་བདག་མེད་མང་པོ་མཐོང་རྒྱུ་ཡོད་པ་དང་། ས་ཁུལ་ཁག་གཅིག་ལ་ས་གནས་སྲིད་གཞུང་དང་དགོན་སྡེ་གྲྭ་ཚང་ཁག་གིས་འདོགས་ཁྱི་གཅེས་སྐྱོང་གིས་བདག་པོ་རྒྱག་ཐབས་བྱེད་ཀྱི་ཡོད་འདུག ས་གནས་གཞུང་གིས་མུ་མཐུད་ཁྱི་བདག་མེད་འཕེལ་རྒྱས་མི་འགྲོ་བའི་ཆེད་སྐྱེ་རྩ་བཅད་ནས་སྐྱེ་སྤེལ་འགོག་ཐབས་བྱེད་ཀྱི་ཡོད་ཚུལ་སོགས་བཀོད་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།