འདི་ལོ་ནི་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཆེ་ཤོས།
འཛམ་གླིང་གི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འགྲོ་བའི་རྐྱེན་གྱིས་༢༠༡༡ལོ་དེ་ནི་འཛམ་གླིང་གི་གནམ་གཤིས་ཧ་ཅང་གི་ཚ་དྲོད་ཆེ་ཤོས་སུ་ངོས་འཛིན།
-
2011-11-29 -
-
-
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འགྲོ་བའི་རྐྱེན་གྱིས་༢༠༡༡ ལོ་དེ་ནི་འཛམ་གླིང་གི་གནམ་གཤིས་ཧ་ཅང་གི་ཚ་དྲོད་ཆེ་ཤོས་སུ་ངོས་འཛིན་གནང་བ་མ་ཟད། གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བ་དེ་ཡིས་འཛམ་གླིང་དེའི་སྟེང་དུ་ཆུ་ལོག་དང༌། ཐན་པ་སོགས་རང་འབྱུང་གི་གནོད་འཚེ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
དེ་རིང་རེས་གཟའ་མིག་དམར་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་གནང་བའི་སྙན་ཐོ་དེའི་ནང་དུ་ཕྱི་ལོ་༡༩༩༧ ནས་བཟུང་མི་ལོ་༡༥ རིང་འཛམ་གླིང་གི་གནམ་གཤིས་ཚ་དྲོད་འཕེལ་རྒྱས་ཕྱིན་པའི་ནང་ནས་འདི་ལོ་ནི་བྱུང་མྱོང་མེད་པའི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་བྱུང་ཡོད་པ་དང༌། གནམ་གཤིས་ཚ་དྲོད་འཕེལ་བ་དེ་ཡིས་འཛམ་གླིང་ས་གཞི་དེའི་ཐོག་རང་འབྱུང་གི་གནོད་འཚེ་ཚབས་ཆེ་ཡོང་རྒྱུ་ཡིན་ཞིང༌། ཚན་རིག་པ་ཚོས་འཛམ་གླིང་གི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འགྲོ་གི་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཚ་དྲོད་འཕེལ་བའི་རྒྱུ་རྐྱེན་ནི་བཟོ་གྲ་དང་མོ་ཊའི་དུག་རླངས་སོགས་འགྲོ་བ་མི་ཡིས་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་དང༌། འདི་ལོའི་གནམ་གཤིས་ཚ་དྲོད་ཆེ་བའི་རྐྱེན་གྱིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ། དེ་བཞིན་ལྷོ་ཨ་མི་རི་ཀ། ཨ་ཕེ་རི་ཀ་བཅས་ལ་གནམ་གཤིས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་སྐོར་གསུང་ཡོད་པ་རེད།