ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དཔེ་མཛོད་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་དེ། ཆེཀ་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་ཡོད་པ།

ཁོང་ཚོས་ཚིག་མཛོད་ལ་ཐུགས་སྣང་དང་དགའ་མོས་ཆེན་པོ་གནང་གི་འདུག་པ་དང་། ཁོང་ཚོ་ལ་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པས་ལམ་སྟོན་རྒྱབ་སྐྱོར་དང་། མི་ཉིས་བརྒྱ་ལྷག་གིས་ལོ་མང་དཀའ་སྤྱད་ཀྱི་གྲུབ་འབྲས། བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་གི་སྙིང་པོ་འདུས་པའི་ཚིག་མཛོད་དེ། ཆེཀ་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་ཁོང་གིས་འགྲེལ་བཤད་གནང་བ་འགྲེལ་བརྗོད་གནང་གི་འདུག

ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་གཙོས་པའི་སྐུ་མགྲོན་པ་དང་ལྷན་དུ། ༢༠༢༢།༠༨།༣༠ Geshe Monlam

པོད་གྲངས་༢༢༣བདག་ཉིད་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་བཞིན། ཡོ་རོབ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དཔེ་མཛོད་ཁང་དུ། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་Mr. Martin Baxaམཆོག་དང་། གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་Mr. Jiri Oberfalzerམཆོག་སོགས་གནད་ཡོད་མི་སྣ་ཁག་ཅིག་གདན་འཛོམས་ཀྱིས། སྤྱི་ཟླ་༨པའི་ཚེས་༣༠ཉིན་མོར་ཚིག་མཛོད་དེ་ཆིཀ་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་བའི་མཛོད་སྒོ་གནང་སར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་སྐུ་མགྲོན་གཙོ་བོའི་གྲས་སུ་ལྷན་ཞུགས་གནང་ཡོད་ཅིང་། ཚིག་མཛོད་རྩོམ་སྒྲིག་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས། ཁོང་ཚོས་ཚིག་མཛོད་ལ་ཐུགས་སྣང་དང་དགའ་མོས་ཆེན་པོ་གནང་གི་འདུག་པ་དང་། ཁོང་ཚོ་ལ་༧གོང་ས་མཆོག་དབུས་པའི་བླ་ཆེན་རྣམ་པས་ལམ་སྟོན་རྒྱབ་སྐྱོར་དང་། མི་ཉིས་བརྒྱ་ལྷག་གིས་ལོ་མང་དཀའ་སྤྱད་ཀྱི་གྲུབ་འབྲས། བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་གི་སྙིང་པོ་འདུས་པའི་ཚིག་མཛོད་དེ། ཆེཀ་གཞུང་མང་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་ཁོང་གིས་འགྲེལ་བཤད་གནང་བ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཁོང་གིས་ལས་རིམ་འདི་ལ་གཙོ་བོ་རོགས་རམ་གནང་མཁན་གྲས། རྒྱ་གར་རྒྱལ་ས་ལྡི་ལིའི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ལས་བྱེད་རྣམ་པ་དང་། ཆེཀ་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་དང་ཁོང་གི་ལས་རོགས་རྣམ་པ། ཆེཀ་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་པ་བསོད་ནམས་ཚེ་རིང་དང་ཁོང་གི་སྐུ་ཟླ་སོགས་ནས། བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྐྱེལ་བར་སྐུ་ལས་ཧ་ཅང་ཤུགས་ཆེ་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་མི་མང་གིས་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་ལ་བརྟེན། མུ་མཐུད་ལས་རིམ་ཁ་ཤས་རིམ་པས་གོ་སྒྲིག་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཚིག་མཛོད་ལེགས་སྐྱེས་སུ་ཕུལ་བའི་མཛད་སྒོ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ཆེད་ཕེབས་ཀྱིས། ཆེཀ་གཞུང་གི་གྲོས་ཚོགས་འཐུས་མི་དང་སྲིད་ཇུས་བློ་འདོན་པ། ཆེཀ་གཞུང་གི་ཕྱི་སྲིད་དང་དྲིལ་བསྒྲགས་ལྷན་ཁང་། གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་སློབ་སྟོན་པ། གཞུང་ཚབ་པ་སོགས་ལ་བོད་ཀྱི་རིག་གཞུང་གི་སྐོར་དང་དགེ་བཤེས་སྨོན་ལམ་ལགས་ཀྱིས་སྐུ་ངལ་འཛེམ་མེད་ཀྱིས་གྲུབ་འབྲས་ཐོན་པ་འདིས། རྒྱ་ནག་གཞུང་ལ་འགྲན་སློང་ཐུབ་ཡོད་པ་དང་། དགེ་བཤེས་ཁོང་གི་རྣམ་དཔྱོད་དང་ཕྱག་ལས་ལ་བསྔགས་བརྗོད་བཅས་གནང་ཡོད་པ་མ་ཟད། ཡོ་རོབ་ནང་གི་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་པ་དང་སིད་སི་སྐུ་ཚབ་དོན་གཅོད་པ་སོགས་ཀྱང་མཛད་སྒོར་ལྷན་ཞུགས་གནང་ཡོད་ཅིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་བཏོན་པ། སྨོན་ལམ་ཚིག་མཛོད་ཆེན་མོ་ཆེས་ཐོག་མའི་དབུ་འབྱེད་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་སྤྱི་ཟླ་༥པའི་ཚེས་༢༧ཉིན་གནང་ཡོད་པ་དང་། ཚིག་མཛོད་དེ་ནི་ད་སྔ་འཛམ་གླིང་གི་ཚིག་ཆེས་མང་ཤོས་དང་རྣམ་གྲངས་མང་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org