སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠་པ་དབུ་ཚུགས་གནང་བ།

སེམས་དང་སྲོག་གི་ལྷན་ཚོགས་སྐབས་ཕན་ཚུན་བར་གོ་བསྡུར་བྱེད་པ་དེས་ཕྱོཊ་གཉིས་ཀར་ཕན་ཐོག་ཡོད་པ་༧གོང་ས་མཆོག་གིས་གསུངས་འདུག

རྒྱ་གར་ལྷོ་ཕྱོགས་སུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠་པའི་སྐབས། ༢༠༡༥།༡༢།༡༤ OHHDL

དེ་ཡང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱ་གར་ལྷོ་ཕྱོཊ་སེ་ར་བླ་སྤྱིའི་འདུ་ཁང་དུ། ཉིན་བཞིའི་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཚོཊ་འདུ་ཐེངས་༣༠བ་དེ་དབུ་ཚུགས་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་ལྷན་ཚོཊ་དེའི་ཐོག་འདས་བའི་ལོ་ངོ་༣༠འི་རིང་ཚན་རིག་པ་དང་ལྷན་དུ་གོ་བསྡུར་གནང་བར་ཕན་ཚུན་གཉིས་ཀར་ཕན་ཐོག་བྱུང་ཡོད་པའི་སྐོར་གསུང་གནང་ཡོད་པ་རེད།
དཔལ་ཎ་ལེནྜའི་ཆོས་རྒྱུད་ལས་རྒྱ་གར་གྱི་གནའ་རབས་ཀྱི་ཞིབ་ཚགས་པོ་ཡོད་པའི་སེམས་ཁམས་རིག་པ་འདིས་ཚན་རིག་པ་ཚོའི་ཡིད་དབང་འཕྲོག་ནས་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་བཞིན་འདུག དེ་བས་ང་ཚོ་ལྷན་དུ་འཛོམ་ནས་ཕན་ཚུན་བར་གོ་བསྡུར་བྱེད་པ་དེས་ཕྱོཊ་གཉིས་ཀར་ཕན་ཐོག་ཡོད་པ་གསལ་བོ་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས་ནང་པ་ཚོས་ ཁ་ཡོད་ལག་ཡོད་སྒོས་འཛམ་བུ་གླིང་གི་སྐྱེ་འགྲོ་ཀུན་ལ་ཕན་པའི་ནང་བ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱར་དོ་སྣང་སླེབས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་གསུངས་སྐབས། སོ་སོའི་ཆོས་དང་འབྲེལ་ནས་འགྲོ་བ་མི་སྤྱི་ལ་ཕན་ཐོག་ཡོང་བར་བསམ་བློ་བཏང་ན་འགྲིག་བསྡད་ཡོད་པ་རེད། ང་ཚོའི་མ་འདང་ས་དེ་ནི་འཛམ་བུ་གླིང་སྤྱི་ལ་ཁྱབ་པའི་ཡ་རབས་སྤྱོད་བཟང་གི་བསླབ་བྱར་དོ་སྣང་སླེབས་པ་བྱ་རྒྱུའི་ཐོག་བསམ་བློ་གཏོང་དགོས་པ་དེ་ཡིན་ཞེས་སོཊ་བཀའ་སློབ་གནང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་འཚོ།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org