པ་ཀིསི་ཏན་དྲག་སྤྱོད་པས་བཙོན་པ་༤༠༠ཙམ་གློད་བཏང༌བ།

པ་ཀིསི་ཏན་དྲག་སྤྱོད་པས་བཙན་ཁང་ཞིག་ལ་དྲག་རྒོལ་གྱིས་བཙོན་པ་བཞི་བརྒྱ་ཙམ་གློད་འགྲོལ་བྱས་ཡོད་པའི་གནས་ཚུལ།

༄༅༎པ་ཀིསི་ཏན་ནང་གོ་མཚོན་ལག་ཆ་ཐོག་པའི་དྲག་རྒོལ་བ་བཅུ་ཕྲག་ཁ་ཤས་ཀྱིས་བཙོན་ཁང་ཞིག་ལ་དྲག་རྒོལ་གྱིས་བཙོན་པ་བཞི་བརྒྱ་ཙམ་གློད་འགྲོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཐོ་རེངས་ཨལ་ཁེ་ཏ་དྲག་སྤྱོད་དང་འབྲེལ་ཡོད་པའི་པ་ཀིསི་ཏན་གྱི་ཏ་ལི་བྭན་དྲག་སྤྱོད་པས་བྱང་ནུབ་གྱི་ཞིང་ཆེན་བྭ་ནུའི་ནང་བཙན་ཁང་ཞིག་ལ་དྲག་རྒོལ་གྱིས་དེ་སྔ་སྲིད་འཛིན་ཟུར་པ་པར་ཝ་ཤེ་ མ་ར་རཝ་བཀྲོང་ཐབས་བྱེད་མཁན་གཙོས་པའི་གྱེན་ལོག་པ་དང་དེ་མིན་བཙོན་པ་བཞི་བརྒྱ་ཙམ་གློད་འགྲོལ་བྱས་ཡོད་ལུགས་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་འདུག བཙོན་པ་ཞིག་གིས་ཁག་ཁྱེར་ཁ་དཔར་ཐོག་གསར་འགོད་པ་ཞིག་ལ་འགྲེལ་བརྗོད་བྱས་པར་གཞིགས་ན།རེས་གཟའ་ཉི་མའི་མཚན་དཀྱིལ་ཡོལ་ཙམ་ལ་བཙོན་ཁང་ནང་འབར་རྫས་ཤུགས་ཆེ་གས་གཏོར་གྱིས་བཙོན་ཁང་གི་ཐོགས་ལུགས་ཡོད་པ་དང་།དེ་ནས་མེ་མདའ་རྒྱབ་རེས་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག དེའི་དབར་ལ་ཏ་ལི་བྭན་གྱི་མགྲིན་ཚབ་པ་ཞིག་གིས་ང་ཚོས་བློ་མཐུན་པ་བརྒྱ་ཁྲག་ཁ་ཤས་གློད་བཀྲོལ་གྱིས་མང་པོ་རང་གནས་སུ་འབྱོར་ཟིན་པ་དང་གཞན་པ་ཚོ་ལམ་བར་ཡོད་ལུགས་སྐོར་ངོས་ལེན་བྱས་འདུགཨཕ་གྷ་ནིསྟན་ནང་གྱི་ཏ་ལི་བྭན་གྱིས་པ་ཀིསྟན་གྱི་བཙོན་ཁང་ལ་དེ་སྔ་དྲག་རྒོལ་མང་པོ་བྱས་ཡོད་ཀྱང་ད་རིར་གི་དྲག་རྒོལ་ཚབས་ཆེན་དེ་འདྲ་བྱུང་མེད་པ་རེད། ད་རིང་གི་དྲག་རྒོལ་བ་ ཏེ་རིཀ་ ཨི་ ཏ་ལི་བྭན་ཞེས་ཚོགས་པ་ཆེ་ཆུང་བཅུ་གཉིས་ལས་འདུས་པའི་དྲག་རྒོལ་བའི་་སྒྲིག་འཛུགས་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org