གློག་བརྙན་འཁྲབ་གཞུང་རྩོམ་མཁན་གྲགས་ཅན་ཞིག་སྐུ་གྲོངས་བ།
ཨ་རིའི་ནང་གྲཊ་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་མཁན་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་Melissa Mathisonལགས་སྐུ་འདས་གྲོངས་སུ་གྱུར་བ།
-
2015-11-06 -
-
-
ཨ་རིའི་ནང་གྲཊ་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་མཁན་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་Melissa Mathisonལགས་སྐུ་འདས་གྲོངས་སུ་གྱུར་བ།
དེ་ཡང་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་སྤེལ་བྱས་པ་ལྟར་ན། ཨ་རིའི་ནང་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་བྲིས་མཁན་དང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་Melissa Mathisonལགས་འདི་ཟླའི་ཚེས་༤རེས་གཟའ་ལྷག་པའི་ཉིན་འདས་གྲོངས་སུ་འགྱུར་ཡོད་པ་དང་། ལྕམ་སྐུ་Melissa Mathisonཟླ་ཤས་རིང་འབྲས་ནད་ཀྱི་རྐྱེན་པས་སྐུ་གཟུགས་མི་བདེ་བའི་གནས་སྟངས་སུ་ཡོད་པ་དང་། ཉེ་ལམ་ཕྱི་ཚེས་༤ རེས་གཟའ་ལྷག་པའི་ཉིན་ཁོང་བཞུགས་ཡུལ་ཨ་རིའི་Los Angelesགྲོང་ཁྱེར་དུ་འདས་གྲོངས་སུ་འགྱུར་འདུག
སྐབས་དེར་ཁོང་དགུངས་གྲངས་༦༥ཡིན་པ་རེད། དམ་པ་ཁོང་ནི་ཨ་རིའི་ནང་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་བྲིས་རྩོམ་མཁན་ཞིག་ཡིན་ཞིང་། དེ་ཡང་ཁོང་གི་འཁྲབ་གཞུང་བྲིས་རྩོམ་བྱས་པའི་གློག་བརྙན་The Black Stallionཞེས་པ་དང་། དེ་བཞིན་༡༩༨༢ལོར་བཟོ་བསྐྲུན་འགྲེམས་སྤེལ་བྱས་པའི་E.T.ཞེས་པའི་གློག་བརྙན་ལ་Oscar Awardཞེས་རྒྱལ་སྤྱིའི་ཐོག་གློག་བརྙན་སྒྱུ་རྩལ་གྱི་བྱ་དགའི་ཁོངས་ནས་འཁྲབ་གཞུང་བྲིས་རྩོམ་ལེགས་ཤོས་ཀྱི་བྱ་དགའ་བཞེས་ཡོད་པ་རེད། ཡིན་ནའང་ལྕམ་སྐུ་དམ་པ་ཁོང་ནི་འཁྲབ་གཞུང་བྲིས་རྩོམ་མཁན་གྱི་མཚན་སྙན་ཡོད་པ་ཞིག་ཙམ་དུ་མ་ཟད། བོད་དོན་ལ་སེམས་འཁུར་ཆེ་བཞེས་གནང་མཁན་ཞིག་དང་། ལྷག་པར་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་དད་གུས་ཞུ་མཁན་ཞིག་ཡིན་པ་ཡོངས་གྲགས་ཡིན།
༡༩༩༧ལོར་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱས་པའི་སྐུ་མདུན(Kundun)ཅེས་གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་གྱི་འཁྲབ་གཞུང་དེ་ཡང་དམ་པ་Melissaཡིས་བྲིས་རྩོམ་གནང་ཡོད་པ་རེད།
ཁ་ས་ཨ་རིའི་Los Angeles Timesགསར་ཤོག་ནང་། ལྕམ་སྐུ་Melissa Mathisonདང་། སྐབས་དེ་དུས་ཀྱི་ཁོང་གི་སྐུ་ཟླ་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་Harrison Ford རྣམ་གཉིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་འབྲེལ་བ་བྱུང་སྟངས་ཀྱི་གནས་ཚུལ་བཀོད་པའི་ནང་། ༡༩༩༠ལོ་ནས་གོང་ས་མཆོག་དང་ཐུགས་ཉེ་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Richard Gereལགས་ཀྱིས་ཁོང་རྣམ་གཉིས་༧གོང་ས་མཆོག་ལ་ངོ་སྤྲོད་ཀྱི་མཇལ་འཕྲད་ཐོག་མ་དེ་བྱུང་འདུག དུས་དེ་ནས་བཟུང་དམ་པ་Meliss Mathisonལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་སེམས་འཁུར་ཆེ་བཞེས་གནང་པ་མ་ཟད། རྗེས་སུ་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ནང་ཚོགས་བཞུགས་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།