ཚ་བ་རྫ་ཡུལ་རྫོང་གི་ཤིང་ནགས་ལ་མེ་ཤོར་བཞིན་འདུག
ཉིང་ཁྲི་ས་ཁུལ་ཚ་བ་རྫ་ཡུལ་རྫོང་གི་ཤིང་ནགས་ལ་མེ་ཤོར་ནས་མེ་གསོད་མ་ཐུབ་པར་ཉེན་ཁའི་གནས་སུ་ཡོད་པ་རེད་འདུག
-
2017-02-20 -
-
-
Your browser doesn’t support HTML5 audio
ཉིང་ཁྲི་ས་ཁུལ་ཚ་བ་རྫ་ཡུལ་རྫོང་གི་ཤིང་ནགས་ལ་མེ་ཤོར་ནས་མེ་གསོད་མ་ཐུབ་པར་ཉེན་ཁའི་གནས་སུ་ཡོད་པ་རེད་འདུག
ཉིང་ཁྲི་ས་ཁུལ་ཚ་བ་རྫ་ཡུལ་རྫོང་གི་ཤིང་ནགས་ལ་མེ་ཤོར་ནས་ཉིན་གཉིས་སོང་ཡང་མེ་གསོད་མ་ཐུབ་པར་ད་ཆ་མི་མང་གི་སྡོད་ཁང་བརྒྱ་ཕྲག་མང་པོ་མེས་འཚིགས་པའི་ཉེན་ཁའི་ནང་ལྷུང་འདུག
དེ་ཡང་འདི་གའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་བཏང་དོན། ཉིང་ཁྲི་ས་ཁུལ་ཚ་བ་རྫ་ཡུལ་རྫོང་གི་ཤིང་ནགས་ལ་གཟའ་སྤེན་པ་སྟེ་ཕྱི་ཚེས་༡༨་ཉིན་གྱི་ཕྱི་དྲོར། དང་ཐོག་ཁུལ་དེའི་ཤིང་ཁང་ཞིག་ལ་མེ་འབར་བ་རིམ་བཞིན་ཤིང་ནགས་རྒྱ་ཆེ་ཡོད་པ་དེར་ཁྱབ་ནས་ཉིན་གཉིས་ཕྱིན་ན་ཡང་མེ་གསོད་མ་ཐུབ་པར་ད་ཆ་མི་དམངས་གི་སྡོད་ཁང་མང་པོ་མེས་འཚིགས་པའི་ཉེན་ཁ་ཡོད་འདུག
ད་ལྟ་མེ་འབར་བཞིན་པའི་ཤིང་ནགས་དེ་ནི་རྫ་ཡུལ་རྫོང་ཐོག་ལ་ཤིང་ནག་རྒྱ་ཆེ་ཞིག་ཡོད་པ་དེ་ཡིན་པ་དང་། དེ་ནི་རྫ་ཡུལ་རྫོང་ལྟེ་བ་ནས་རྒྱང་ཐག་སྤྱི་ལེ་གཅིག་ཙམ་ལས་མེད་པ་མ་ཟད། ཤིང་ནག་གི་ཉེ་འགྲམ་དུ་ཡོད་པའི་མི་མང་གི་སྡོད་ཁང་མང་པོ་ཡོད་པ་དེ་དག་ལ་ཁྱབ་པའི་ཉེན་ཁ་ཆེན་པོ་ཡོད་སྟབས་ཉིང་ཁྲི་ས་ཁུལ་དང་། རྫ་ཡུལ་སྲིད་གཞུང་གིས་ཤིང་ནགས་ལྟ་རྟོགས་བྱེད་མཁན་ཉེན་རྟོག་པ་གསུམ་བཅུ་ཙམ་དང་མེ་གསོད་རུ་ཁག་སོགས་ཐེ་བའི་མི་གྲངས་༦༠༠་ལྷག་གིས་ཉིན་གཉིས་རིང་མེ་གསོད་ཐབས་བྱས་ཀྱང་གསོད་མ་ཐུབ་པར་སྔར་བས་ཤུགས་ཆེ་བ་འབར་བཞིན་ཡོད་འདུག
ད་ལྟའི་ཆར་རྫོང་ཐོག་ཏུ་ཡོད་པའི་ལས་ཁུངས་ཁག་དང་། མི་མང་གི་སྡོད་ཁང་ཁག་མེ་ཡི་ཉེན་ཁ་ལས་སྐྱོབ་ཐབས་བྱེད་མུས་ཡིན་རུང་ཕྱོགས་གཞན་ནས་མེ་འབར་བཞིན་པ་དང་། ཉིང་ཁྲི་ཁུལ་གྱི་སྡོད་ཁང་མང་ཆེ་བ་ཤིང་ཁང་ཞིག་ཡིན་སྟབས་མི་མང་དཀྱུས་མ་ཚོའི་སྡོད་ཁང་ཁག་མེ་ཡིས་འཚིགས་པའི་ཉེན་ཁ་ཆེན་པོ་ཡོད་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།