ལམ་རིམ་བསྡུས་དོན་བསྩལ་རྒྱུ།
༸གོང་ས་མཆོག་གིས་ཕྱི་ཚེས་༢༥ནས་ཚེས་༢༧བར་ཀོ་རི་ཡའི་དང་ལྷོ་ཤར་ཨེ་ཤེ་ཡ་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་བསྩལ་རྒྱུ།
-
2013-08-24 -
-
-
༄༅༎དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གསལ་བསྒྲགས་གནང་བར་གཞིགས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡ་དང་། ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༥ ནས་ཚེས་ ༢༧ བར་མགོན་པོ་གང་ཉིད་མཆོག་གིས་སྔ་དྲོ་ཆུ་ཚོད་ ༨ པ་ནས་དབུ་འཛུགས་ཀྱི་ ༡༢ བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་བསྩལ་རྒྱུ་དང་། ཕྱི་ཟླ་ ༩ ཚེས་ ༣ ནས་ ༥ བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལེའུ་བརྒྱད་པ་ནས་མུ་མཐུད་ཆོས་འབྲེལ་བསྩལ་གཏན་འཁེལ་ཡོད་སྟབས། སྐུ་ཕྱྭའི་ཉེན་སྲུང་ཆེད་དད་ལྡན་ཆོས་ཞུ་བ་ཡོངས་ནས་གཙུག་ལག་ཁང་གི་ར་བའི་ནང་ལག་ཐོགས་ཁ་པར་དང་པར་ཆས། རླུང་འཕྲིན་ཆེ་ཆུང་སོགས་གློག་ཆས་ཀྱི་རིགས་དང་། མེ་འབར་སླ་བའི་དངོས་རྫས། རྩག་སྒྲ མདོར་ན། གོ་མཚོན་རིགས་རྩ་བ་ནས་མཉམ་འཁྱེར་མི་ཆོག་པ་ཞེས་གསལ་བསྒྲགས་གནང་འདུག ༧གོང་ས་མཆོག་གི་གསུང་ཆོས་བོད་སྐད་དང་དབྱིན་སྐད། ཀོ་རི་ཡའི་སྐད། རྒྱ་ནག་གི་སྐད།Vietnamese སྐད། ཨུ་རུ་སུའི་སྐད་བཅས་སྐད་རིགས་མི་འདྲ་བ་དྲུག་ནས་བདམ་ག་བཏང་ནས་གསུང་ཆོས་ཉན་ཐུབ་པའི་ཆ་རྐྱེན་སྐྲུན་ཡོད་པ་རེད།།