བླ་རུང་སྒར་ལ་ལྟ་སྐོར་བའི་མི་འབོར་གནས་སྐབས་ཚོད་འཛིན་བྱས་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་རུ་འགྲོ་བསྐྱོད་བྱ་མཁན་གྱི་གྲངས་ཚད་ལ་ཚོད་འཛིན་དགོས་པ་བརྗོད་འདུག
-
2017-04-27 -
-
-
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་རུ་འགྲོ་བསྐྱོད་བྱ་མཁན་གྱི་གྲངས་ཚད་ལ་ཚོད་འཛིན་དགོས་པ་བརྗོད་འདུག
དེ་ཡང་གསེར་རྟ་རྫོང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་བརྡ་ཐོ་ཞིག་བཏང་འདུག་པ་དེའི་ནང་། གསེར་རྟ་རྫོང་ནས་ཨར་རྒྱག་ལས་གྲའི་དུས་ཚོད་བཟང་ཤོས་ཀྱི་དུས་ཚོད་དང་བསྟུན་ནས་ཡུལ་བསྐོར་དུ་བསྐྱོད་ཡུལ་ལམ་ཆེ་གཙོ་བོ་དང་། མེ་སྐྱོད་འགོག་གསོད་ཀྱི་ལམ་ཞིག་བསྐྲུན་རྒྱུའི་ལས་གྲའི་འཛུགས་སྐྲུན་གང་མགྱོགས་སྤེལ་རྒྱུ་ཡིན་པ་ལྟར། ལས་གྲའི་དུས་ཡུན་དང་སྤུས་ཚད་འགན་ལེན་ཐུབ་ཆེད་སྤྱི་ཟླ་ ༤ ཚེས་ ༢༦ ནས་སྤྱི་ཟླ་ལྔ་པའི་ཚེས་ ༡༥ བར་བླ་རུང་སྒར་དུ་བསྐྱོད་མཁན་གྱི་ཡུལ་སྐོར་བའི་མི་གྲངས་ཚོད་འཛིན་བྱ་རྒྱུ་དང་། ཉིན་རེར་མི་ཆིག་སྟོང་ལས་གཏོང་རྒྱུ་མིན་པ་བཀོད་འདུག
ད་དུང་བརྡ་ཐོ་དེའི་ནང་འདི་ནི་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་འདི་བཞིན་ཁྲིམས་ལུགས་ལྟར་དོ་དམ་དང་ཚད་ལྡན་འཛིན་སྐྱོང་ཡོང་སླད་ཡིན་པ་བཀོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་ཁྱོན་བསྡོམས་ ༤༧༢༥ གཏོར་རྒྱུའི་འཆར་གཞིའི་ཁོངས་ནས་མང་ཆེ་བ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་ཟླ་བ་གཉིས་ཀྱི་ནང་གཏོར་ཟིན་པ་དང་། ལྷག་འཕྲོ་ཁང་པ་གཉིས་སྟོང་མ་ཟིན་ཙམ་ཡོད་པ་སྤྱི་ཟླ་༣་པའི་ཚེས་༢༤་ཉིན་གཏོར་འགོ་ཚུགས་ནས་འདི་ལོའི་ཕྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་ཟིན་པ་བྱེད་རྒྱུ་ཡིན་འདུག་ལ། དེ་བཞིན་ད་བར་ཁྱོན་བསྡོམས་གྲྭ་བཙུན་༤༨༢༨་ཕྱིར་ཕུད་བྱས་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།