ལྷ་ས་གཙུག་ལག་ཁང་དུ་མར་ཀྲིན་གྱི་མཆོད་མེ་བཀག་བསྡོམས་བྱེད་རྒྱུ།
ལྷ་སའི་གཙུག་ལག་ཁང་དུ་རྩ་ཆེན་སྐུ་རྟེན་དང་སྐུ་ཐང་བདག་གཅེས་ཡག་པོ་ཡོང་ཆེད་མར་ཀྲིན་གྱི་མཆོད་མེ་བཀག་བསྡོམས་བྱེད་རྒྱུ་རེད་འདུག
-
2015-12-16 -
-
-
༄༅།ལྷ་ས་གཙུག་ལག་ཁང་དུ་མར་ཀྲིན་གྱི་མཆོད་མེ་བཀག་བསྡོམས་བྱེད་རྒྱུ་རེད་འདུག་ལྷ་སའི་གཙུག་ལག་ཁང་དུ་རྩ་ཆེན་སྐུ་རྟེན་དང་སྐུ་ཐང་བདག་གཅེས་ཡག་པོ་ཡོང་ཆེད་མར་ངོ་མའི་་མཆོད་མེ་མ་གཏོགས་མར་ཀྲིན་ནས་བཟོས་པའི་མཆོད་མེད་དང་ཡང་ལའ་སོགས་ཀྱི་དུ་བ་ལས་གཙུག་ལག་ཁང་གི་སྐུ་རྟེན་སོགས་ལ་བཙོག་པ་བཟོས་པ་བརྟེན་ནས་བཀག་བསྡོམས་བྱེད་རྒྱུ་རེད་འདུག། ལྷ་སའི་གཙུག་ལག་ཁང་འཛིན་སྐྱོང་ཁང་གིས་ཕྱི་ཚེས་༡༤ཉིན་གསལ་བསྒྲགས་ཤིག་བར་བསྐོར་གཡས་གཡོན་དུ་བཀྲམ་ཡོད་པའི་ནང་མར་ཀྲིན་ལས་བཟོས་པའི་མཆོད་མེ་ནས་དུ་བ་ནག་པོས་གཙུག་ལག་ཁང་གི་ལྡེབས་རིས་གྱང་དང་སྐུ་རྟེན་ལ་བཙོག་པ་བཟོ་གིན་ཡོད་སྟབས་ཕྱི་ལོ་གསར་པའི་ཚེས་ཤར་ནས་བཀག་བསྡོམས་ཀྱི་ལག་བསྟར་བྱེད་རྒྱུ་རེད། དེ་ཡང་གཙུག་ལག་ཁང་འཛིན་སྐྱོང་ཁང་གིས་ཆེད་ལས་མི་སྣ་བརྒྱུད་ནས་ཞིབ་འཇུག་བྱས་རྗེས་མར་ཀྲིན་གྱི་མཆོད་མེ་དེ་དག་ནང་གནོད་སྐྱོན་ཆེ་བའི་རྫས་སྦྱོར་ལྷད་བསྲེས་ཆེ་བ་ཤེས་རྟོགས་བྱུང་འདུག་ཅེས་ཕ་ཡུལ་དྲ་རྒྱ་ཐོག་གནས་ཚུལ་དེ་སྤེལ་འདུག་མར་་ཀྲིན་མཆོད་མེ་བཀག་བསྡོམས་དེ་བཞིན་མི་དམངས་ཀྱིས་ལྷ་སའི་གནའ་བོའི་ཤུལ་བཞག་འཛིན་སྐྱོང་ལས་ཁང་ལ་ཡང་ཡང་ཞུ་གཏུགས་བྱས་རྗེས་ནས་ཐག་གཅོད་གནང་བ་ཞིག་རེད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།