རྒྱ་ནག་གིས་ལྷ་ས་ལྷ་ཡུལ་ལ་དྲིལ་བསྒྲགས་བྱེད་བཞིན་པར་ཕྱི་ནས་སྐྱོན་བརྗོད།

རྒྱ་ནག་གིས་ལྷ་ས་ནི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ལྷ་ཡུལ་ལྟ་བུ་ཡིན་པའི་དྲིལ་བསྒྲགས་ནི་དོན་དངོས་དང་འགལ་བ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག

ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ པར་ཚགས།

རྒྱ་ནག་གིས་ལྷ་ས་ནི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ལྷ་ཡུལ་ལྟ་བུ་ཡིན་པའི་དྲིལ་བསྒྲགས་ནི་དོན་དངོས་དང་འགལ་བ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་ཁང་གིས། བར་སྣང་ནས་བོད་ཀྱི་རྒྱལ་ས་ལྷ་ས་པར་ལེན་བྱས་པ་ངོ་སྤྲོད་བརྒྱུད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ཏུ་ཐོག་བརྩེགས་མང་པོ་ཡོད་པའི་རྒྱས་སྤྲོས་ཆེ་བའི་སྐར་མ་ལྔ་ལྡན་གྱི་དབྱིན་ཇིའི་(Inter-continental)གསོལ་མགྲོན་ཁང་ལྟ་བུ་རྒྱབ་སྟེ། བོད་ཀྱི་རྒྱལ་ས་ལྷ་ས་དེ་བཞིན། ཕྱི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ལྷ་ཡུལ་ལྟ་བུ་དེ་ཡིན་པ་ངོ་སྤྲོད་བྱེད་བཞིན་ཡོད་ནའང་། དམིགས་བསལ་མི་མངོན་པ་ཞིག་ནི། རྒྱས་སྤྲོས་ཆེ་བའི་གསོལ་མགྲོན་ཁང་དེ་གའི་ཉེ་འཁྲིས་སུ་བོད་མི་འཛིན་བཟུང་གིས་བཙོན་འཇུག་བྱེད་སའི་སྐད་གྲགས་ཆེ་བའི་དགུ་ཚ་བཙོན་ཁང་དེ་ཡོད་པ་ཕྱི་ཟླ་༡༠ ཚེས་༣་ཉིན་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་གི་ནང་གསལ་སྟོན་བྱས་ཡོད་པ་རེད།
(China’s Control State in Lhasa)སྟེ་། རྒྱ་ནག་གིས་དམ་དྲག་བྱེད་པའི་བོད་ཀྱི་རྒྱལ་ས་ལྷ་ས་ཞེས་པའི་སྙན་ཐོ་ཞིག་གི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ད་བར་བྱུང་མྱོངས་མེད་པའི་གསང་ཞིབ་མྱུལ་ལྟ་དང་། སྡུག་རྩུབ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་དེ། བོད་མི་ཚོ་མགོ་བོ་འབུར་ས་མེད་པ་བཟོས་པ་དང་ཆབས་ཅིག ཕྱོགས་གཞན་ཞིག་ཏུ་བོད་ཀྱི་རྒྱལ་ས་ལྷ་ས་དེ་བཞིན་(Shangri-La)སྟེ་ལྷ་ཡུལ་འདྲ་བའི་ཡུལ་སྐོར་སྤྲོ་འཆམ་ཡོང་ས་ངོ་མ་དེ་ཡིན་པ་དྲིལ་བསྒྲགས་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་ཁང་གི་གཙོ་འཛིན་མ་ཏེའོ་མེ་ཀ་ཅི་(Matteo Mecacci)ཡིས་། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ཏུ་དམྱལ་བ་མི་ཡུལ་དུ་མྱོང་དགོས་པའི་དགུ་རྩ་ལྟ་བུའི་བཙོན་ཁང་ནང་། བོད་མི་ཚོར་སྡུག་རྩུབ་དྲག་གནོན་ཅི་ཆེ་བཏང་སྟེ་དོ་དམ་བྱེད་བཞིན་པ་དང་མཉམ་། ཕྱོགས་གཞན་ཞིག་ཏུ་འཛམ་གླིང་མཐོ་སྒང་གི་ལྷ་ཡུལ་ཞེས་པའི་མིང་འཁོད་པའི་གསོལ་མགྲོན་ཁང་དེ་འདྲ་བ་རྒྱབ་བཅུག་སྟེ། མདོ་དོན་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ངོ་མ་ཇི་ཡིན་དེ་ནས་ངོ་སྤྲོད་ཐུབ་རྒྱུ་ཡོད་པ་གསུངས་ཡོད་པ་རེད།
ཁོང་གིས་ད་རེས་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་ལ་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་དགོས་པའི་ཁྲིམས་གཞི་གཏན་འབེབས་གནང་བ་དེ་ལྟ་བུས་བོད་ནང་། རང་དབང་ངང་གནས་སྟངས་རྟོགས་ཞིབ་བཅས་ལ་འགྲོ་བསྐྱོད་ཐུབ་པ་སོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པ་ལྟར། ད་ཆ་ཨ་མི་རི་ཀའི་གྲོས་ཚོགས་གོང་མ་ནས་ཀྱང་ཁྲིམས་གཞི་དེར་རྒྱབ་སྣོན་གྱིས་གཏན་འབེབས་གནང་དགོས་པ་གསུངས་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org