རྒྱལ་བ་ཀརྨ་པ་དབུ་བཞུགས་ཀྱི་བཀའ་བརྒྱུད་དགུན་ཆོས་ཆེན་མོ།

རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་འཚོགས་ཡོད་པའི་སྐོར།

རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག ངོ་དེབ།

ཀའ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་དབུ་བཞུགས་འོག་གནས་མཆོག་རྡོར་རྗེ་གདན་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་༢༠པ་དེ་ཟླ་བ་འདིའི་ཚེས་༡༦ནས་དབུ་འཛུགས་ཀྱིས་ཕྱི་ཟླ་༢པའི་ཚེས་༤བར་གནང་གི་འདུག
རྒྱལ་བ་ཀརྨ་པ་མཆོག་གིས་ཁྲིད་ཐུང་བརྒྱ་རྩའི་བཀའ་ཁྲིད་གནང་བ་དང་ཆབས་ཅིག་སྤྱིར་བོད་གང་ཅན་གྱི་ལྗོངས་ལ་ཤེས་པའི་བསྟན་པ་དར་བཏང་དང་དེའི་ནང་ནས་འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་ལ་ཤེས་པའི་བསྟན་པ་ཇི་ལྟར་དར་ཡོད་མེད་སྐོར་འགྲེལ་བཤད་གནང་སྐབས། བཤད་གྲྭ་གསར་འཛུགས་གནང་ནས་ཤེས་པའི་བསྟན་པ་ཡར་རྒྱས་བཏང་གནང་ཡག་དེ་སྔར་མེད་གསར་སྐྱེས་མ་ཡིན་པར། ཡབ་རྗེ་གོང་མ་རྣམས་ཀྱི་སྐབས་ནས་ཡོད་སྡད་པའི་བསྟན་པ་དེ་སླར་གསོ་གནང་དགོས་ཡག་གལ་ཆེ་ཡིན་པ་དང། ཤེས་པའི་བསྟན་པ་དེ་རྒྱུན་མེད་པའི་རྐྱེན་གྱིས་དཀའ་གནད་མང་པོ་ཞིག་འཕྲད་ཀྱི་ཡོད་སྐོར་བཀའ་གནང་སྟེ། བཙན་བྱོལ་ནང་བཀའ་བརྒྱུད་དགུན་ཆོས་དེ་ཐོག་མར་བླ་མ་ཕུན་ཚོགས་ལགས་ཀྱིས་བསྟན་པ་སྤྱི་ལ་དཀར་བའི་ལྷག་བསམ་གྱི་སྒོ་ནས་དགུན་ཆོས་དབུ་འཛུགས་གནང་བར་བསྔགས་བརྗོད་མཛད་འདུག
༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་མུ་མཐུད་བཀའ་གནང་བའི་ནང་། བཀའ་བརྒྱུད་དགུན་ཆོས་དེ་གནད་འགག་ཆེན་པོ་ཡིན་སྟབས་ལོ་མང་པོའི་རིང་མུ་མཐུད་བར་ཆད་མེད་པར་ཚུགས་ཐུབ་རྒྱུར་འགྲོ་སོང་ཆེན་པོ་བཏང་གནང་གི་ཡོད་སྟབས། གཙོ་བོ་འབྲེལ་ཡོད་དགོན་སྡེ་ཁག་གི་མཁན་པོ་དང་སློབ་གཉེར་བའི་དགེ་རྒན་དེ་བཞིན་སློབ་གཉེར་གནང་མཁན་འདུས་མང་ཡོངས་ནས་བསྟན་པའི་སྦྱིན་བདག་ཚོས་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་ཆུད་ཟོས་སུ་མི་གཏོང་བའི་འབོད་སྐུལ་གནང་འདུག
རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org