གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་གལ་ཆེ། ཀརྨ་པ་མཆོག་གིས།
བོད་རིགས་གཞོན་སྐྱེས་ཚོའི་མི་ཚེའི་ནང་གི་ལས་འགན་གལ་ཆེ་ཤོས་ཤིག་ནི་བོད་ཀྱི་སྐད་ཡིག་སློབ་སྤྱོང་བྱེད་རྒྱུ་དེ་ཡིན་ཞེས་ཀརྨ་མཆོག་གིས་བཀའ་ཕབ་འདུག
-
2018-08-20 -
-
-
Your browser doesn’t support HTML5 audio
བོད་རིགས་གཞོན་སྐྱེས་ཚོའི་མི་ཚེའི་ནང་གི་ལས་འགན་གལ་ཆེ་ཤོས་ཤིག་ནི་བོད་ཀྱི་སྐད་ཡིག་སློབ་སྤྱོང་བྱེད་རྒྱུ་དེ་ཡིན་ཞེས་ཀརྨ་མཆོག་གིས་བཀའ་ཕབ་འདུག
ཕྱི་ཟླ་ ༨ ཚེས་ ༡༦ ནས་ ༡༩ བར་ཨ་རིའི་ནིའུ་ཡོཀ་མངའ་སྡེའི་ (Bearsville)་གྲོང་བརྡལ་དུ་ཆགས་པའི་ཀརྨ་(Triyana)བོད་ཀྱི་ནང་པའི་ཆོས་ཚོགས་སུ་ཚོགས་པའི་ཉིན་བཞིའི་རིང་གི་གཞོན་སྐྱེས་དབུ་ཁྲིད་ཚོར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་སྐོར་སྦྱོང་བརྡར་དུ་བཅར་མཁན་ཚོར་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོའི་མི་ཚེའི་འགན་གལ་ཆེ་ཤོས་ཤིག་ནི་བོད་སྐད་ཡིག་སློབ་སྤྱོང་བྱེད་རྒྱུ་དེ་ཡིན་པའི་བཀའ་སློབ་གནང་འདུག
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་གིས་ཀྱང་ད་རེས་ཀྱི་ལས་རིམ་འདི་བརྒྱུད་བོད་རིགས་གཞོན་སྐྱེས་ཚོ་བོད་སྐད་བོད་ཡིག་དེ་ཙམ་བེད་སྤྱོད་མི་ཐུབ་པའི་དཀའ་ངལ་ཡོད་པ་ཤེས་རྟོགས་ཐུབ་པས་བོད་སྐད་བོད་ཡིག་ངེས་པར་དུ་སྦྱོང་བྱེད་དགོས་པའི་སྐུལ་མ་གནང་འདུག
ཉིན་བཞིའི་ཟབ་སྤྱོང་དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་དང་ཀརྨ་ཐེབས་རྩ་ཆོས་འཁོར་གླིང་གཉིས་ཀྱི་མཐུན་རྐྱེན་རོགས་རམ་འོག་གོ་བསྒྲིགས་གནང་བ་ཞིག་ཡིན་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།