དམིཊ་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་རྒས་ཡོལ་ཞུས་བ།
༧གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྒས་ཡོལ་ཞུས་འདུག
-
2016-06-23 -
-
-
༧གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྒས་ཡོལ་ཞུས་འདུག
དེ་ཡང་སྤྱི་ཚེས་༢༣ཉིན་༧གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་གྱི་སྲི་ཞུ་འགན་འཁུར་ནས་རྒས་ཡོལ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ང་རྒས་ཡོལ་གྱི་ལོ་སླེབས་ཟིན་པ་དང་། སྤྱི་ཟླ་དྲུག་པའི་ཟླ་མཇུག་ནས་ལས་མཚམས་འཇོག་རྒྱུ་ཡིན་པ་གསུངས་འདུག
ད་དུང་ཁོང་གིས་གསལ་བསྒྲགས་དེའི་ནང་། ལོ་རྒྱུས་ཐོག་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་ཆ་ཤས་ལེན་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ངའི་མི་ཚེའི་ནང་གི་གཟི་བརྗིད་དང་། བོད་མི་ཞིག་ཡིན་པའི་སྤོབས་པ་སྐྱེས་འོས་པ་ཞིག་རེད་ཅེས་དང་། སྤྱིར་སྲི་ཞུའི་ལས་གནས་ནས་རྒས་ཡོལ་ཞུས་ཀྱང་མི་སྒེར་གྱི་ངོ་བོ་ཐོག་ནས་ད་དུང་བོད་ཀྱི་རྩ་དོན་ཐོག་མུ་མཐུད་ཞབས་ཞུ་གནང་རྒྱུ་ཐེ་ཚོམ་མེད་ལ་དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་དང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེན་མཆོག་ལ་ཞབས་ཞུ་བསྒྲུབ་རྒྱུའི་མི་ཚེའི་ཁ་ཕྱོགས་དེ་ལ་འགྱུར་མེད་གནས་ངེས་ཡིན་པ་བརྗོད་འདུག
ཡང་ཁོང་གིས་གསལ་བསྒྲགས་དེའི་ནང་། བོད་ཀྱི་འཐབ་རྩོད་དེ་ད་ཆ་བོད་ཀྱི་མི་རབས་གསར་པ་དང་། ན་གཞོན་ཚོས་དབུ་ཁྲིད་ཀྱི་འོག་ཤར་བསྐྱོད་གནང་བཞིན་པའི་གནས་སྟངས་གང་ནས་བལྟས་ཀྱང་གདོང་ལེན་བྱེད་ཡུལ་མང་པོ་ཡོད་པ་ཡིན་ན་ཡང་། རྒྱ་ནག་དང་རྒྱལ་སྤྱིའི་ཐོག་འགྱུར་བ་འགྲོ་བཞིན་པའི་གནས་བབས་ལ་བལྟས་ན་ང་ཚོའི་མུ་མཐུད་རེ་བ་གནང་དགོས་རྒྱུ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་ཅེས་བཀོད་འདུག།
དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ལོ་ངོ་༣༠ལྷག་ཙམ་སྔོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་དོན་ནང་ཞུགས་པ་དང་། དེ་ཡང་༡༩༨༣ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ནང་གནས་ཞུགས་བོད་རིགས་ན་གཞོན་ཚོར་དབུས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་སྒྲུབ་རྒྱུའི་སྐུལ་ལྕག་གནང་བ་ལྟར་ཁོང་ཞུགས་སྒར་རྡ་རམ་ས་རུ་ཕྱིན་ནས་ལོ་གཅིག་རིང་དངས་བླངས་ཞབས་ཞུ་སྒྲུབ་པ་དང་། དེ་རྗེས་༡༩༨༥་ལོ་ནས་བཟུང་དབུས་བོད་མིའི་སྒྲིག་འཛུགས་ནང་ཞུགས་རྒྱུའི་འབོད་སྐུལ་གནང་བ་བཞིན་ཞབས་ཞུ་འགོ་འཛུགས་གནང་འདུག ཁོང་གིས་ལོ་༣༠་ཙམ་གྱི་རིང་གི་ཞབས་ཞུ་དེར་འདོད་བློ་ཡོངས་སུ་ཁེངས་པ་ཞིག་བྱུང་ལ་སྐད་གཅིག་ཙམ་ལ་ཡང་འགྱོད་པ་རྩ་བ་ནས་མེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་བདེ་དོན་ཐོག་ཞབས་ཞུ་བསྒྲུབ་རྒྱུ་བྱུང་བ་དེ་ཁོང་ཉིད་ལ་གཟི་བརྗིད་དང་དམིགས་བསལ་ཐོབ་ཐང་ཞིག་ལ་ངོས་འཛིན་གྱིས་ཁོང་ཉིད་ཀྱི་མི་ཚེའི་ནང་གི་མདུན་ལམ་གང་ལས་ཀྱང་ལྷག་པ་ཞིག་ཡིན་པ་སེམས་ཡང་ཁོང་གིས་ད་བར་ཡོ་རོབ་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱལ་སྐྱོར་ཚོགས་པ་ཚོའི་བོད་དོན་ཆེད་ཕྱར་གྲུ་མཉམ་གདེགས་གནང་བ་དཀའ་དྲིན་ཆེ་ཞུས་ཡོད་པ་དང་། དེ་བཞིན་Geneva་ནང་དང་། ལོན་ཊོན། བྷེལ་ཛེལ་བཅས་སུ་བོད་མི་ཕྱག་བྲེལ་སྲི་ཞུ་བ་ཚོ་དང་། ཡོ་རོབ་ནང་བོད་དོན་རྒྱབ་སྐྱོར་གོང་འཕེལ་ཡོང་བར་སྔར་བཞིན་ཀྱིས་རྒྱབ་བསྐྱོར་གནང་སྐྱོང་ཡོང་པའི་འབོད་བསྐུལ་ཞུས་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།