ཨ་རིའི་མཐོ་སློབ་ཅིག་ཏུ་བཀའ་ཁྲིས་གསུང་བཤད་གནང་འཆར།
ནུབ་ཀ་ནེ་ཀྲི་ཀེཏ་གཙུག་ལག་སློབ་གྲས་བཀའ་ཁྲིར་བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་ཐོག་ལ་གསུང་བཤད་གནང་བར་གདན་ཞུ།
-
2012-01-20 -
-
-
༄༅༎ཨ་མི་རི་ཀའི་ནུབ་ཀ་ནེ་ཀྲི་ཀེཏ་(Connecticut)མངའ་སྡེའི་གཙུག་ལག་སློབ་གྲའི་གཙོ་འཛིན་གྱིས་གསུང་བཤད་གནང་མཁན་རིམ་པ་གོ་སྒྲིག་ཞུ་བའི་ཁོངས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློ་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་ཐོག་ལ་གསུང་བཤད་གནང་བར་གདན་ཞུ་གནང་ཡོད་པའི་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག་ རིང་མིན་ཕྱི་ཟླ་གཉིས་པའི་ཚེས་༢༡ རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོའི་ཚོུད་༢ པའི་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། གཙུག་ལག་སློབ་གྲ་དེའི་ཚོགས་ཁང་ཆེན་མོའི་ནང་གསུང་བཤད་གནང་རྒྱུ་ཡིན་ཞིང༌། གཙུག་ལག་སློབ་གྲ་དེའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་ཤོ་མོ་ཀྲར་གྱིས་གསུང་ན། ང་ཚོས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱིས་གདན་ཞུ་བྱས་པ་ལྟར། འདི་ལོའི་དཔྱིད་ཀའི་གནད་ཡོད་མི་སྣ་གདན་ཞུའི་གསུང་བཤད་གནང་མཁན་གྲས་ཡིན་པ་གསུང་ཡོད་པ་མ་ཟད། ཁོང་གིས་དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་གི་དུས་སྐབས་དེར། ཆབ་སྲིད་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་པ་རེད་ གཙུག་ལག་སློབ་གྲ་དེའི་དྲ་རྒྱའི་ཐོག་ལའང་བཀའ་བློ་ཁྲི་པ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་དང༌། གསུང་བཤད་ཉན་བར་མཐོ་རིམ་སློབ་གྲ་དེའི་སློབ་ཕྲུག་དང་དགེ་རྒན། ལས་བྱེད་ཙམ་མ་ཡིན་པར་མི་དམངས་ཀྱང་ཕེབས་ཆོག་པ་མ་ཟད། རིན་མེད་དུ་མཐུན་རྐྱེན་སྦྱར་རྒྱུ་ཡིན་པའི་སྐོར་སོགས་བཀོད་ཡོད་པ་རེད།