དུས་འཁོར་དབང་ཆེན་ཐེངས་༣༤བ་འཕཊ་ཡུལ་རྡོ་རྗེ་གདན་ལ་བསྩལ་རྒྱུ།

བཀའ་ཤག་ནས་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་དོན་ལྟར་༢༠༡༦ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གཏན་འཁེལ་འདུག

གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་གིད་གཏམ་བཤད་གནང་བཞིན་པ། ༢༠༡༤།༩།༢༤ ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་དོན་ལྟར། སྤྱི་ལོ་༢༠༡༦ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བསྩལ་གཏན་འཁེལ་འདུག བཞུགས་སྒར་ནས་ང་ཚོའི་གསར་འགོད་པ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།


དེ་ཡང་ཕྱི་ལོ་༢༠༡༦ཟླ་༡ཚེས་༡༥ནས་༢༥བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་ འཁོར་ལོའི་དབང་ཆེན་ཐེངས་༣༤པ་བཀའ་དྲིན་ཆེ་བ་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་ཅེས་བཀའ་ཤག་གི་གསལ་བསྒྲགས་བྱས་ཡོད་པ་དང་། དུས་དབང་ཐེངས་༣༤ དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་བསྒྲིགས་གཙོ་འགན་ཞུས་ཐོག་དད་ལྡན་སྦྱིན་བདག་ཁག་བཅས་ནས་ཀྱང་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག
དེ་ནི་བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་རང་ལོ་༢༢ ཙམ་ཡིན་པ་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱི་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་རྒྱ་ནག་གི་ཉེན་རྟོག་ཁང་གི་སྒོ་ཁར། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་རྗེས། ཕྱི་ལོ་༢༠༡༤ ཟླ་༩ཚེས་༢༤ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་བ་དགུའི་སྔོན་ཙམ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། འབྱུང་འགྱུར་ཕྱི་ལོ་༢༠༡༦གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བཀའ་དྲིན་སྩལ་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་གསུངས་འདུག
དེ་སྔ་༢༠༡༢ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་སྐབས་དད་ལྡན་སེར་སྐྱ་མི་གྲངས་ ༢༠༠༠༠༠ ལྷག་ཆེད་ཕེབས་གནང་ཡོད། དེའི་ཁོངས་ནས་བོད་ནས་བོད་མི་གྲངས་ ༨༠༠༠ ནས་ ༡༠༠༠༠ བར་བཅར་ཡོད་པ་རེད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org