སྐྲ་བཟོ་སྦྱོང་བརྡར་ཁང་དབུ་འབྱེད།
བོད་མིའི་མདུན་ལམ་བསྟི་གནས་ཁང་གིས་སྐྲ་བཟོ་སྦྱོང་བརྡར་ཁང་དབུ་འབྱེད་གནང་བ།
-
2013-06-11 -
-
-
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་དང་རྒྱ་གར་གྱི་ TecnoServe ཞེས་པ་རྒྱལ་སྤྱིའི་རོགས་ཚོགས་ཟུང་འབྲེལ་གྱི་ཐོག་ནས་ཆེད་བཙུགས་བྱས་པ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་མིའི་མདུན་ལམ་བསྟི་གནས་ཁང་གིས་རྒྱ་གར་ནང་གི་སྐྲ་བཟོ་དང་མཛེས་བཟོ་ཁང་གི་སྦྱོང་བརྡར་བྱ་ཡུལ་གྲགས་ཅན་ Jawed-Habib དང་མཉམ་འབྲེལ་གྱི་ཐོག་ནས་རྡ་རམ་ས་ལའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་ཁང་ནང་སྐྲ་བཟོ་ཁང་གི་སྦྱོང་བརྡར་ཁང་ཞིག་གསར་དུ་དབུ་འབྱེད་གནང་འདུག
དེའི་ནང་ཐོག་མར་སློབ་ཕྲུག་ ༣༧ འཛུལ་ཞུགས་བྱས་འདུག་ཅིང་། བོད་མིའི་མདུན་ལམ་བསྟི་གནས་ཁང་གིས་སྐྲ་བཟོ་ཁང་གི་སྦྱོང་བརྡར་འདི་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མི་གཞོན་སྐྱེས་ཁྲོད་ཀྱི་ལས་མེད་ཀྱི་གྲངས་འབོར་ཉུང་དུ་གཏོང་ཐབས་བྱ་རྒྱུ་དེ་ཡིན་པ་རེད། ད་བར་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ས་ཁུལ་འདྲ་མིན་ནང་། བོད་མིའི་མདུན་ལམ་བསྟི་གནས་ཁང་གི་མཐུན་འགྱུར་ལམ་སྟོན་འོག་བོད་མི་གཞོན་སྐྱེས་བཞི་བརྒྱ་ཙམ་ལ་ལས་རིགས་འདྲ་མིན་གྱི་ཐོག་སྦྱོང་བརྡར་སྤྲད་ཡོད་འདུག་ལ་། དེའི་ཁོངས་ནས་གཞོན་སྐྱེས་ ༢༠༠ ཙམ་ལ་ལས་ཀའི་ནང་དངོས་སུ་ཞུགས་ཐུབ་པའི་རོགས་སྐྱོར་ཡང་བྱས་འདུག།