འགྲོ་བ་མིའི་ཐོབ་ཐང་ཆེད་རྒོལ་བའི་གཟེངས་རྟགས།
རྒྱ་རིགས་གསར་འགོད་པ་བེུད་ཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་ཕྱག་ལས་གནང་བའི་བྱས་རྗེས་ལ་གསར་འགོད་པའི་གཟེངས་རྟགས་ཐོབ་འདུག
-
2012-10-02 -
-
-
དེ་རིང་Tibetpost ཞེས་པའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་དགུ་པའི་ཚེས་༢༩ ཉིན་ཁེ་ན་ཊའི་ནང་གནས་སྡོད་བྱེད་མཁན་རྒྱ་མི་རིགས་གསར་འགོད་པ་Sheng Xue ལ་ཁེ་ན་ཊའི་གསར་འགོད་མཐུན་ཚོགས་ཀྱི་བྱ་དགའ་དང༌། ཁེ་ན་ཊའི་རྒྱལ་ཡོངས་དུས་དེབ་ཀྱི་བྱ་དགའ་ཐོབ་པ་དེ་ནི། ཁེ་ན་ཊའི་མི་སེར་ཡིན་པ་རྒྱ་མི་རིགས་ཤིག་ལ་བྱ་དགའ་ཐོབ་པ་ཐེངས་དང་པོ་ཡིན་ཞིང༌། བྱ་དགའ་དེ་ནི་གཙོ་བོ། གསར་འགོད་པ་ཁོང་གིས། གསར་འགོད་པའི་ལས་དོན་གྲུབ་འབྲས་དང༌། ལྷག་དོན་བོད་ཀྱི་འཐབ་རྩོད་དང༌། ཕྱི་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱ་ནག་ནང་དམངས་གཙོ་འཕེལ་ཐབས་ཕྱག་ལས་གནང་མཁན་དམངས་གཙོའི་འགོ་ཁྲིད་ལ་དམངས་གཙོའི་ལས་དོན་ཐོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུས་པའི་བྱས་རྗེས་ལ་ངོས་འཛིན་གནང་བ་ཞིག་ཡིན་པ་རེད།
བྱ་དགའ་ཕུལ་བའི་མཛད་སྒོ་དེ་བཞིན་ཕྱི་ཟླ་དགུ་པའི་ཚེས་༢༩ ཉིན་ཁོང་གནས་སྡོད་བྱེད་ཡུལ་ཁ་ནེ་ཊའི་གྲོང་ཁྱེར་Toranto དུ་ཚོགས་པ་དང༌། མཛད་སྒོའི་ཐོག་ཁེ་ན་ཊའི་མི་ཁོངས་དང། ཕྱི་མི་གཞིས་སྤོས་དང༌། རིག་གཞུང་མི་འདྲ་བའི་གནད་དོན་ཐོག་ལ་འགན་འཁུར་བཞེས་མཁན་བློན་ཆེན་Jason Kenny མཆོག་དང༌། ཁེ་ན་ཊའི་ས་གནས་ཀྱི་དབུ་ཁྲིད་དང༌། ཁོང་དང་ལྷན་དུ་བོད་ཀྱི་རྩ་དོན་དང༌། རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་བཅོས་བསྒྱུར་ཡོང་ཐབས་ལ་མཉམ་རུབ་ཀྱི་ལས་འགུལ་སྤེལ་མཁན་ས་གནས་བོད་མི་དང་དམངས་གཙོ་དོན་གཉེན་ཅན་རྒྱ་མི་རིགས་དང༌། བྱང་ཀོ་རི་ཀ། Falung Gong ཉམས་ལེན་བྱེད་མཁན། ཡུ་གུར་བ་སོགས་གདན་ཞུ་བྱས་ཡོད་པ་རེད། སྐབས་དེར་བློན་ཆེན་སྐུ་ཞབས་Jason Kenny མཆོག་ལ། གདན་ཞུ་བྱས་པའི་འཐབ་རྩོད་གནང་མཁན་ཤོག་ཁག་སོ་སོའི་ཐོག་ནས་སྐར་མ་ལྔའི་རིང་ལ་སོ་སོའི་འཐབ་རྩོད་དང་འབྲེལ་བའི་སྐོར་སྙན་སྒྲོན་ཞུ་རྒྱུ་བྱུང་བ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་འཐུས་ཟུར་པ་ཀུན་དགའ་ལགས་ཀྱིས་བོད་བོད་མིའི་འཐབ་རྩོད་ཀྱི་སྐོར་གསུང་བཤད་གནང་དང༌། བློན་ཆེན་Jason Kenny སྐུ་ངོ་མས་བོད་མིའི་སྐུ་ཚབ་གནང་སྟེ་གསུང་བཤད་གནང་ཡོད་པ་རེད།