རྒྱལ་ཚོགས་ཀྱི་སྐྱོན་བརྗོད་ཨིསི་རེལ་ནས་ངོས་ལེན་མི་བྱས་སྐོར།

རྡུལ་ཕྲན་ནུས་ཤུགས་ཀྱི་ལས་གཞི་དེ་ཚོ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་བརྟན་བྱའི་འཆར་འཁོད་འོག་གནས་དགོས་པའི་འབོད་སྐུལ་ཞིག་གནང་བ།

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་ཤིག་གནང་ཡོད་པ་དེའི་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་ལས་གཞི་དེ་ཚོ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་བརྟན་བྱའི་འཆར་འཁོད་འོག་གནས་དགོས་པའི་འབོད་སྐུལ་ཞིག་གནང་ཡོད་པ་རེད།

ཨི་སི་རེལ་གྱི་སྲིད་བློན་སྦེན་ཇ་མིན་ནེ་ཏན་ཡ་ཧུ་གིས་གསུངས་པར་རྒྱལ་ཚོགས་ཀྱིས་ད་ཡོད་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་དཀའ་རྙོག་ཙམ་གཙང་སེལ་མ་གནང་བར་ང་ཚོ་ཨི་སི་རེལ་གྱི་རྡུལ་ཕྲན་ལས་གཞིའི་ཐད་སྟངས་འཛིན་གནང་རྒྱུར་ཁས་ལེན་ཞུ་ཐུབ་ཀྱི་མ་རེད་ལགས་རྒྱལ་ཚོགས་ཀྱི་རྡུལ་ཕྲན་སྲུང་སྐྱོབ་ཀྱི་འཆར་འགོད་དེའི་ནང་མཉམ་བཞུགས་གནང་ཐུབ་རྒྱུ་ཁག་པོ་ཡིན་པའི་སྐོར་གསུང་ཡོད་པ་རེད།

རེས་གཟའ་པ་སངས་ཀྱི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མི་རི་ཀ་ཐེ་བའི་ཡུལ་གྲུ་༡༨༩མཉམ་རུབ་ཀྱིས་མ་འོངས་སྤྱི་ལོ་༢༠༡༢ལོར་དཀྱིལ་ཤར་ཡུལ་གྲུའི་ནང་གཏོར་སྐྱོན་ཆེ་བའི་རྡུལ་ཕྲན་གོ་མཚོན་གྱི་རིགས་བཀག་སྡོམ་བཟོ་རྒྱུའི་ལྷན་ཚོགས་ཤིག་གནང་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་ཡོད་པ་རེད།

དེར་བརྟེན་གོང་གསལ་གྱི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་གོ་མཚོན་གང་བྱུང་བེད་སྤྱོད་མི་གཏོང་བའི་སྟངས་འཛིན་རྒྱལ་ཚོགས་ཀྱི་སར་སྲུང་སྐྱོབ་བརྟན་བཟོ་གནང་རྒྱུའི་འཆར་གཞི་དེའི་ནང་ཨི་སི་རེལ་གྱིས་ཀྱང་མཉམ་བཞུགས་མཚན་རྟགས་འགོད་རྒྱུ་ཞིག་བཟོ་རྒྱུའི་འཆར་གཞི་དེར་ཨི་སི་རེལ་གྱིས་ཐུགས་འདོད་མེད་ལུགས་གསུང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org