སྲིད་སྐྱོང་གི་ལོ་ངོ་གསུམ་གྱི་ལས་དོན་དང་བོད་དོན་ཐད་བཅར་འདྲི།
སྲིད་སྐྱོང་མཆོག་ལ་ཁོང་གིས་འདས་པའི་ལོ་གསུམ་རིང་ལས་དོན་ག་རེ་གནང་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་སོགས་ཀྱི་ཐད་བཅར་འདྲི་བྱས་ཡོད།
-
2014-09-01 -
-
-
སྲིད་སྐྱོང་བློ་བཟང་སེང་གེ་མཆོག ༢༠༡༤།༨།༣༠
ཀླུ་འབུམ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོཊ་པའི་ཚོཊ་ཆེན་ཐེངས་༡༣་པ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་ཚོགས་བཞིན་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད་པ་དང་། སྐབས་འདིར་འདི་ག་རླུང་འཕྲིན་ཁང་གི་ལས་བྱེད་དཔལ་ལྡན་རྒྱལ་གྱིས་སྲིད་སྐྱོང་མཆོག་ལ་ཁོང་གིས་འདས་པའི་ལོ་གསུམ་རིང་ལས་དོན་ག་རེ་གནང་ཡོད་པ་དང་། རྒྱ་བོད་འབྲེལ་མོལ་སོགས་ཀྱི་ཐད་བཅར་འདྲི་ཞུས་བར་གསན་རོགས།