གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ།

རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་དེ་རྔམ་སྟོན་སྐད་འབོད་སོགས་ཀྱི་ལམ་ནས་སྲུང་བརྩི་ཞུས་འདུག

བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉི་མོ་སྲུང་བརྩི་ཞུས་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅།    །དེ་རིང་ཕྱི་ཚེས་༡༧ ཉིན་མོ་དེ་བཞིན།    ༸པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ནས་ལོ་༡༨ འཁོར་བའི་ཉིན་མོ་ཡིན་པས། དྷ་ས་ས་གནས་གཞོན་ནུ་དང་ས་གནས་བེུད་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག མི་མང་གིས་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།    ཕྱོགས་མཚུངས་བོད་གཞུང་མང་གཉིས་ནས་དེ་རིང་གི་ཉིན་མོ་དེ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་པ་རེད།
དེ་རིང་གི་ཉིན་མོ་དང་བསྟུན།    བཞུགས་སྒར་དྷ་རམ་ས་ལར་པར་རིགས་འགྲེམས་སྟོན་བརྒྱུད།    རྒྱ་དམར་གཞུང་ནས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་གྱི་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།    ཕྱོགས་མཚུངས་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་དོན་དུ་རང་སྲོག་གློད་གཏོང་གནང་མཁན་ཚོ་རྗེས་དྲན་གྱི་བསྔོ་སྨོན་ཡང་གནང་ཡོད་པ་རེད།    ཡང་དེ་རིང་གི་ཉིན་མོ་དེ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་༡༨འཁོར་བའི་དུས་ཚིགས་དང་བསྟུན།    རྔམ་སྟོན་ཁྲོམས་སྐོར་གྱི་ལམ་ནས་ལས་འགུལ་ཡོད་པ་དང།    ལས་འགུལ་དེ་དག་གི་བརྒྱུད།    གཙོ་བོ་འཛམ་བུ་གླིང་གི་མི་མང་ནས་བོད་ཀྱི་བདེན་པའི་གནས་ཚུལ་ལ་རྒྱབ་སྐྱོར་ཡོང་ཐབས་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org