ཡོ་རོབ་གྲོས་ཚོཊ་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུཊ་ཆེ་རུ་གཏོང་ཐབས།

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ལས་རོགས་རྣམས་ཀྱི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཐག་ཆོད་གནང་འདུག

༧གོང་ས་མཆོག་དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ལས་རོགས་ཁག་གཅིག་མཇལ་འཕྲད་སྐབས། ༢༠༡༦ tibet.net

ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ལས་རོགས་རྣམས་ཀྱི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུའི་ཐག་ཆོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཡོ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་ Brussel་གྱི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་། ཡོ་རོབ་བོད་དོན་ཞུ་གཏུག་པ་ཪིག་འཛིན་རྒན་ཁང་ལགས་གཉིས་ཀྱི་སྣེ་འཁྲིད་ཀྱི་ཐོག་ནས་ཡོ་རོབ་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་ལས་བྱེད་རྣམས་ཀྱི་ཚོགས་པ་ཞིག་གསར་འཛུགས་གནང་རྒྱུའི་ཐག་ཆོད་གནང་ཡོད་ཅིང་། གྲོས་ཚོགས་འཐུས་མི་ལས་བྱེད་རྣམས་ནི་ཡོ་རོབ་མི་མང་གི་ཚོགས་པ་དང་། མང་གཙོ་དང་སྤྱི་ཚོགས་རིང་ལུགས་ཡར་ཐོན་སྣ་འབྲེལ་ཚོགས་པ་དང་། ཡོ་རོབ་རྙིང་ཞན་དང་བཅོས་བསྒྱུར་ཚོགས་པ། མང་གཙོ་དང་གུ་ཡངས་སྣ་འབྲེལ་ཚོགས་པ། ཡོ་རོབ་ལྗང་ཁུ་ཚོགས་པ། ཡོ་རོབ་རང་དབང་དང་ཐད་ཀའི་མང་གཙོ་ཚོགས་པ་ནས་ཡིན་པ་རེད་འདུག།
ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་ཀྱི་ཚོགས་པ་འདིའི་ཚོགས་མི་རིམ་པ་རྒྱ་བསྐྱེད་བཏང་ནས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་མང་དུ་གཏོང་རྒྱུ་མ་ཟད། བོད་ཀྱི་གནད་དོན་ཐོག་གླེང་སློང་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་གནང་རྒྱུའི་སྐོར་དམིགས་ཡུལ་འཛིན་ནས་གཞུང་འབྲེལ་མིན་པའི་གྲོས་ཚོགས་འཐུས་མི་ཁག་གི་ལས་བྱེད་རྣམས་ཀྱི་ཚོགས་པ་ཞིག་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་སྔོན་Burssel་དུ་ཕེབས་པའི་སྐབས་གྲོས་ཚོགས་ཀྱི་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་བྱུང་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org