རྒྱ་གར་སྲིད་བློན་མོ་དྷི་མཆོག་རྡ་རམ་ས་ལར་ཕེབས་ཡོད་པ།

སྦི་ཇེ་པི་(BJP)ཆབ་སྲིད་ཚོགས་པས་ཧི་མ་ཅལ་མངའ་སྡེའི་གཞུང་བཟུང་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ཉིན་རྒྱ་གར་གི་སྲིད་བློན་ནཱ་རེན་དྲ་མོ་དྷི་མཆོག་ཕེབས་ཡོད་པ།

སྦི་ཇེ་པི་(BJP)ཆབ་སྲིད་ཚོགས་པས་ཧི་མ་ཅལ་མངའ་སྡེའི་གཞུང་བཟུང་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ཉིན་རྒྱ་གར་གི་སྲིད་བློན་ནཱ་རེན་དྲ་མོ་དྷི་མཆོག་ཕེབས་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་ལེགས་སྨོན།

༄༅། །ཕྱི་ལོ་༢༠༡༨ཟླ་བ་༡༢ཚེས་༢༧་ཉིན།  རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་རྡ་རམ་ས་ལ་སྐོར་སྲུང་བའི་རྩེད་ཐང་ཆེན་མོའི་ནང་སྦི་ཇཱེ་པི་ཆབ་སྲིད་ཚོགས་པས་སྣེ་ཁྲིད་མངའ་སྡེའི་གཞུང་བཟུང་ནས་ལོ་ངོ་གཅིག་ཧྲིལ་པོ་འཁོར་བའི་དུས་ཚིགས་སྲུང་བརྩིའི་ཐོག་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེན་དྲ་མོ་དྷི་མཆོག་གི་གཙོས་པའི་དབུས་གཞུང་གི་བློན་ཆེན་ཁག་ཅིག་དང་།  མངའ་སྡེའི་སྤྱི་ཁྱབ་བློན་སྐུ་ཞབས་ཇཱའི་རམ་ཁྲ་ཁུར་མཆོག་དང་བློན་ཆེན་བཅས་དཔོན་རིགས་ཆེ་ཁག་དང་མི་མང་ཁྲི་ཕྲག་འགའ་ཤས་འདུས་འཛོམ་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གསུང་བཤད་གནང་དོན་ལ།    
རྡ་རམ་ས་འདི་བཞིན་གང་རིས་སྐོར་བའི་མཛེས་འདུག་ལྡན་པའི་ལུང་པ་ཞིག་ཡིན་པ་དང་ལྷག་པར་དུ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་དབུ་ཁྲིད་སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཡིན་པས་ཆ་ནས་འཛམ་གླིང་ནང་།   སྙན་གྲགས་ཆེ་བའི་ས་གནས་འདིར་གཞུང་འཛིན་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བྱུང་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ཉིན་ང་ཚོའི་སྲིད་བློན་མཆོག་ཕེབས་པར་ས་གནས་གཞུང་དང་།  མི་མང་ཀྱི་ཚབ་ཞུས་ཏེ་བཀྲིན་ཆེ་ཞུ་ཞེས་གསུངས་བ་སྦྲགས་ལོ་གཅིག་གི་རིང་མངའ་སྡེའི་ནང་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བའི་སྐོར་ངོ་སྤྲོད་གནང་འདུག
སྲིད་བློན་སྐུ་ཞབས་ན་རེན་དྲ་མོ་དྷི་མཆོག་གིས་མངའ་སྡེའི་སྤྱ་ཁྱབ་བློན་ཆེན་སྐུ་ཞབས་ཇཱེ་རམ་ཁྲ་ཁུར་མཆོག་གིས་སྣེ་ཁྲིད་གཞུང་ནས་ལོ་གཅིག་དེ་དུས་ཡུན་རིང་པོ་གང་ཡང་མིན་རུང་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་དྲང་པོ་དྲང་བཞག་གིས་ཕྱག་ལས་མང་པོ་ཞིག་གནང་འདུག་པས་བསྔགས་བརྗོད་ཡོད་ཅེས་གསུངས་བ་དང་སྦྲགས་དབུས་གཞུང་ནས་ཀྱང་མངའ་སྡེའི་ཡར་རྒྱར་ཆེད་དུ་དེ་སྔོན་གྱི་གཞུང་འཛིན་ལས་ཀྱང་དངུལ་འབོར་མང་བ་གནང་ཡོད་པ་དང་ད་དུང་གནང་གི་ཡིན་ཞེས་ཞལ་བཞེས་གནང་འདུག
རྒྱ་གར་སྲིད་བློན་སྐུ་ཞབས་ན་རེན་དྲ་མོ་དྷི་མཆོག་༢༠༡༤ ལོར་རྒྱ་གར་གྱི་སྲིད་བློན་ཆགས་པ་ནས་བཟུང་རྡ་རམ་ས་ལར་ཕེབས་པ་ད་རེས་ཐེངས་དང་པོ་དེ་ཆགས་ཡོད་པ་རེད་འདུག།
གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org