རྒྱ་དཀར་ནག་དབར་ས་མཚམས་ཀྱི་དཀའ་རྙོག་སྐོར་བཀའ་བསྡུར།

རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་དངོས་ཡོད་ལག་ལེན་འཁེལ་བའི་ཐབས་ལམ་འཚོལ་དགོས་ལུགས་གསུངས།

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་རྒྱ་གར་དང་རྒྱ་ནག་དབར་དེ་སྔའི་ས་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་དངོས་ཡོད་ལག་ལེན་འཁེལ་བའི་ཐབས་ལམ་འཚོལ་དགོས་ལུགས་གསུངས་གནང་འདུག

རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་དང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པོ་རྣམ་གཉིས་ཧེ་ནོའི་ནང་ལྷོ་ཤར་ཨེ་ཤེ་ཡའི་ཚོགས་ཆེན་གྱི་ཞོར་དུ་ཟུར་མཇལ་གྱིས་དེ་སྔ་ཕྱི་ལོ་༡༩༦༢ལོའི་དམག་འཁྲུག་གི་རྗེས་སུ་ས་མཚམས་ཀྱི་དཀའ་རྙོག་སེལ་ཕྱོགས་ཐད་ཕྱོགས་གཉིས་ཀས་དངོས་སུ་ལག་ལེན་འཁེལ་བའི་ཐབས་ལམ་འཚོལ་དགོས་སྐོར་དང་དེ་འདྲ་མ་བྱུང་བར་དུ་ས་མཚམས་སུ་ཞི་བདེ་ལྷིངས་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས་པའི་སྐོར་བཀའ་བསྡུར་གནང་ཡོད་འདུག

རེས་གཟའ་སྤེན་པའི་ཉིན་སྲིད་བློན་མན་མོ་ཧན་སིངྒ་མཆོག་ཉི་ཧོང་དང་ མ་ལེ་ཤི་ཡ་ ལྦིཏ་ནམ་བཅས་སུ་གཟིགས་སྐོར་དུ་ཕྱིར་ཕེབས་སྐབས་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་ཐད་ཕྱོགས་གཉིས་ཀས་དངོས་ཡོད་གནས་ཚུལ་ངོས་ལེན་གྱིས་ཕྱོགས་གཉིས་ཀས་མོས་མཐུན་ཐོག་དཀའ་རྙོག་སེལ་རྒྱུར་འབད་བརྩོན་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་ལུགས་གསུངས་གནང་འདུག། རྒྱ་ནག་གི་སྲིད་བློན་ལྦན་ཅ་པོ་མཆོག་གིས་ཀྱང་ཡུལ་གཉིས་ཀྱི་མཛའ་འབྲེལ་བསྲ་བརྟན་ཡོང་བའི་ཆེད་དུ་ཕྱོགས་གཉིས་ཀས་ཕན་ཚུན་ཡིད་ཆེས་འཕེར་བའི་ཁོར་ཡུག་སྐྲུན་དགོས་གལ་ཡོད་སྐོར་གསུངས་ཡོད་པ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་འདུག། རྒྱ་ནག་གིས་སྦང་ལ་རྡེ་ཤེ་དང་ ཤི་རི་ལངྐ་ པ་ཀིསྟན་བཅས་ནང་ཚོང་འབྲེལ་སོགས་གང་ཅིའི་ཐད་འབྲེལ་ལམ་ཆེ་རུ་གཏོང་བཞིན་པ་དེར་རྒྱ་གར་གྱིས་བློ་འཚབ་བྱེད་བཞིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org