༧གོང་ས་མཆོག་ནིའུ་ཡོག་ནང་ཞབས་སོར་འཁོད་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་ཞུས་འདུག

ནིའུ་ཡོག་བོད་མི་རྣམས་ནས་༸གོང་ས་མཆོག་ཕེབས་བསུ་ཞུ་བཞིན་པ། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ལྷན།

༄༅༎ཕྱི་ཟླ་༡༡ཚེས་༡རེས་གཟའ་སྤེན་པའི་ཉིན་བོད་ཀྱི་བླ་ནང་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝེན་ཁུ་ཝར་དང༌།ཨ་ལ་སྦ་མ།སྦོསཊོན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་བོད་མི་གསུམ་བརྒྱ་ལྷག་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org