ཧོང་ཀོང་གི་ལས་འགུལ་བ་ཚོའི་ཐོག་མིག་ཆུ་ཤོར་བྱེད་དུག་རླངས་བཏང་འདུག
ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་བ་ཚོས་དགོས་འདུན་དོན་ཚན་ལྔ་བོའི་གཅིག་ཀྱང་བློས་གཏོང་རྒྱུ་མིན་ཞེས་མུ་མཐུད་དུ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ་རེད།
-
2019-11-01 -
-
-
ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་བ་ཚོས་དགོས་འདུན་དོན་ཚན་ལྔ་བོའི་གཅིག་ཀྱང་བློས་གཏོང་རྒྱུ་མིན་ཞེས་མུ་མཐུད་དུ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ་རེད།
སྤྱི་ལོ་༢༠༡༩་ལོའི་ཟླ་༡༠་བའི་ཚེས་༣༡་གཟའ་ཕུར་བུའི་དགོང་མོར། ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་བ་ཚོས་ཡང་བསྐྱར་ཁྲོམ་གཞུང་དུ་དགོས་འདུན་དོན་ཚན་ལྔ་བོའི་གཅིག་ཀྱང་བློས་གཏོང་རྒྱུ་མིན་ཞེས་སྐད་འབོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཁོང་ཚོས་ལུས་ལ་གྱོན་གོས་ནག་པོ་གོན་པ་དང་། གདོང་ལ་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་གདོང་འབག་གོན་ནས་ལཱན་ཀོས་ཧྥང་ས་གནས་སུ་(Halloween)་ཞེས་པའི་ཡེ་ཤུ་བའི་དུས་སྟོན་སྲུང་བརྩི་བྱེད་མཁན་གྱི་མི་མང་ཁྲོད་དུ་འཛུལ་ནས་སྐད་འབོད་ངོ་རྒོལ་བྱས་ཡོད་པ་དང་། ཉེན་རྟོག་པས་མིག་ཆུ་ཤོར་བྱེད་ཀྱི་དུག་རླངས་སོཊ་བེད་སྤྱོད་ཀྱིས་མི་ཚོགས་ཁ་གཏོར་ཐབས་བྱས་ཡོད་འདུག
ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་ཟླ་༡༡་བའི་ཚེས་༡་གཟའ་པ་སངས་ཉིན་མུ་མཐུད་དུ་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། དེ་བཞིན་དམངས་གཙོ་དོན་གཉེར་བ་གྲགས་ཅན་(Joshua Wong)་གིས་གཟའ་སྤེན་པའི་ཉིན་མི་གྲངས་འབུམ་གཅིག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུའི་འབོད་སྐུལ་བྱས་འདུག
གཞན་ཡང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་སྲིད་གཞུང་གི་ལམ་ལུགས་ལ་ཁ་གཏད་གདོང་ལེན་བྱེད་མཁན་ཚོར་བཟོད་སྒོམ་བྱ་རྒྱུ་མིན་ལུགས་ཀྱི་ཉེན་བརྡ་བཏང་བ་དང་། ཧོང་ཀོང་གི་རྒྱལ་གཅེས་རང་ལུགས་ཉམས་གསོ་དང་ས་གནས་སྲིད་སྐྱོང་དང་འགོ་ཁྲིད་གཞན་དག་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་བཏང་སྟེ་ཧོང་ཀོང་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་སོཊ་བཤད་འདུག
སྤྱི་ལོ་༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་རྗེས། ཧོང་ཀོང་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་ཐོག་རྒྱ་ནག་གཞུང་གིས་རིམ་བཞིན་སྟངས་འཛིན་བཀག་སྡོམ་བྱེད་བཞིན་པར་ཧོང་ཀོང་མི་མང་གིས་བློ་ཕམ་དང་བཅས། ཁོང་ཁྲོའི་རྣམ་འགྱུར་ཐོག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་དང་། ད་བར་ཟླ་བ་ལྔའི་རིང་ངོ་རྒོལ་ཁྲོམ་སྐོར་བྱས་པའི་ཁྲོད་མཚམས་རེར་དྲག་པོའི་ཟང་ཟིང་གི་དོན་རྐྱེན་རིགས་ཀྱང་བྱུང་ཡོད་པ་རེད།