ཧོང་ཀོང་དུ་ ༢༠༢༠ ལོའི་མང་གཙོའི་ངོ་རྒོལ་ཐོག་མར།
ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་བ་སྟོང་ཕྲག་མང་པོས་རེ་འདུན་ལྔ་པོ་གཅིག་ཀྱང་མ་ཆད་པ་དགོས་པའི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་བྱས་འདུག
-
2020-01-01 -
-
-
Your browser doesn’t support HTML5 audio
༢༠༢༠ ཟླ་ ༡ ཚེས་ ༡ ཉིན་ཧོང་ཀོང་ནང་དུ་མང་གཙོ་ལས་འགུལ་བ་སྟོང་ཕྲག་འགའ་ཤས་ཀྱིས་ཝེ་ཏོ་ལེ་ཡ་སྤྱི་གླིང་ནས་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་སྟེ་ཧོང་ཀོང་ས་གནས་གཞུང་གིས་ལས་འགུལ་བ་མང་ཚོགས་ཀྱི་དགོས་འདུན་དོན་ཚན་ལྔ་པོ་ཆད་ལུས་མེད་པར་མཇུག་སྐྱོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
དེ་ཡང་ཧོང་ཀོང་གི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཝང་ཙེ་ཁུལ་དུ་ངོ་རྒོལ་བ་ཚོས་རླངས་འཁོར་གྱི་སྣུམ་ལས་བཟོས་པའི་འབར་མདེལ་སོགས་བེད་སྤྱོད་བྱས་ནས་ཀྲུང་ཧྭང་གི་ཧུད་ཧྥིན་དངུལ་ཁང་ལ་གཏོར་རྒོལ་བྱས་པར། ཉེན་རྟོག་མི་སྣས་མིག་ཆུའི་དུག་རླངས་བེད་སྤྱོད་བྱས་ཏེ་མི་མང་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པ་མ་ཟད། ངོ་རྒོལ་གྱི་ལས་འགུལ་བ་ལྔ་ཙམ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
ཧོང་ཀོང་ནང་ཕྱི་ལོ་གསར་ཚེས་ཉིན་གྱི་མང་གཙོའི་ལས་འགུལ་སྤེལ་མཁན་ སྤྱི་མང་གི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ (Eric Lai) ཨེ་རིཀ་ ལཡེ་ཡིས་ལས་འགུལ་འདི་ཞི་བའི་ངོ་བོ་རང་ལ་གནས་ཐུབ་པའི་རེ་བ་ཡོད་པ་དང་། ཉེན་རྟོག་མི་སྣ་ཚོས་ཀྱང་ཞི་རྒོལ་བར་མཐུན་འགྱུར་གནང་རྒྱུའི་ཚབ་ཏུ་མིག་ཆུའི་དུག་རླངས་དང་ཆུ་མདའ་སོཌ་བེད་སྤྱོད་ཀྱིས་བསུན་པོ་མི་བཟོ་བའི་རེ་བ་ཡོད་ཅེས་གསུངས་པ་དང་སྦྲགས། ལས་འགུལ་བ་ཚོའི་རེ་འདུན་དོན་ཚན་ལྔ་པོ་དེ་དག་དོན་འབྲས་སོན་པར་མཇུག་སྐྱོང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཡོད་པ་རེད།