ཧོང་ཀོང་དུ་ཕྲུ་གུ་སྐྱེས་པར་ཡོང་བ་ཚད་བཀག

རྒྱ་ནག་སྐམ་ས་ཆེན་མོ་ནས་ཧོང་ཀོང་ནང་ཕྲུ་གུ་སྐྱེས་པར་ཡོང་མཁན་གྱི་སྦྲུམ་མ་ཚོའི་ཐོག་ཧོང་ཀོང་གཞུང་གིས་སྲིད་བྱུས་གསར་པ་གཏན་འབེབས།

༄༅༎དུས་སང་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཧོང་ཀོང་ནང་ཕྲུ་གུ་སྐྱེས་པར་ཡོང་མཁན་གྱི་སྦྲུམ་མ་ཚོ་ཧོང་ཀོང་གི་སྨན་ཁང་ནང་ཕྲུ་གུ་སྐྱེས་པར་ཡོང་རྒྱུ་ཚད་བཀག་བཟོ་རྒྱུའི་སྲིད་བྱུས་གསར་པ་ཞིག་ཧོང་ཀོང་གཞུང་གསར་པས་གཏན་འབེབས་བྱེད་འཆར་ཡོད་འདུག་
ཧོང་ཀོང་གཞུང་གིས་རྒྱ་ནག་སྐམ་སའི་སྦྲུམ་མ་ཧོང་ཀོང་གི་སྨན་ཁང་ནང་ཕྲུ་གུ་སྐྱེས་རྒྱུར་ཚད་བཀག་བཟོ་རྒྱུའི་འཆར་གཞི་དེའི་ནང་ གཙོ་བོ་སྲིད་བྱུས་དེ་བཞིན་ཧོང་ཀོང་གཞུང་གི་སྨན་ཁང་ཁག་ནང་གཏན་འེབབས་བྱ་རྒྱུ་ཡིན་པ་དང་ ཡིན་ནའི་ཧོང་ཀོང་ནང་ཡོད་པའི་སྒེར་གྱི་སྨན་ཁང་ཁག་གིས་ཀྱང་ གཞུང་གིས་གསར་དུ་གཏན་འེབབས་བྱ་རྒྱུའི་སྲིད་བྱུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ཡོད་འདུག ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་པའི་རྗེས་ཧོང་ཀོང་ནང་རྒྱ་ནག་སྐམ་ས་ནས་ཡོང་མཁན་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཡང་ལོ་རེ་བཞིན་མ་བསྡད་པར་ཇེ་མང་དུ་ཕྱིན་ནས་དེས་ཕྱོགས་གཅིག་ནས་ཧོང་ཀོང་གི་ཡུལ་བསྐོར་སྤྲོ་འཆམ་གྱི་ལས་རིགས་འཁྲུག་པོ་ཟོས་ནས་ དཔལ་འབྱོར་གྱི་ཁེ་ཕན་ཡོང་གི་ཡོད་ཀྱང་ དེ་དང་ཕྱོགས་མཚུངས་རྒྱ་ནག་སྐམ་ས་ནས་ཡུལ་བསྐོར་སྤྲོ་འཆམ་གྱི་མིང་ཐོག་ནས་ ཧོང་ཀོང་ནང་ཕྲུ་གུ་སྐྱེས་པར་ཡོང་མཁན་ རྒྱ་ནག་གི་སྦྲུམ་མ་ཡང་འཕོན་ཆེན་ཡོང་ཏེ་ དེ་དག་གིས་ཕྲུ་གུ་ཧོང་ཀོང་ནང་སྐྱེས་ནས་ ཧོང་ཀོང་གི་མི་སེར་བཟོ་གིན་ཡོད་པར་བརྟེན་ནས་ཧོང་ཀོང་ནང་གནད་དོན་དེའི་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན་ད་རེས་ཧོང་ཀོང་དམིགས་བསལ་ས་གནས་གཞུང་གི་འགན་འཛིན་གསར་པས་རྒྱ་ནག་སྐམ་ས་ནས་ཡིན་པའི་སྦྲུམ་མ་ཚོ་ ཧོང་ཀོང་ནང་ཕྲུ་གུ་སྐྱེས་རྒྱུར་དམ་བསྒྲགས་ཀྱི་སྲིད་བྱུས་གཏན་འེབབས་བྱས་ནས་དེའི་ནང་ཕ་མ་ཡ་གཅིག་ཧོང་ཀོང་གི་མི་སེར་མིན་ཚེ་ རྒྱ་ནག་སྐམ་ས་ནས་ཡིན་པའི་སྦྲུམ་མ་ཧོང་ཀོང་གི་སྨན་ཁང་དུ་ཕྲུ་གུ་སྐྱེས་མི་ཆོག་པ་མ་ཟད་ ཕ་མ་གཉིས་ཀ་རྒྱ་ནག་སྐམ་ས་ནས་ཡིན་པའི་ཕྲུ་གུ་ཧོང་ཀོང་ནང་སྐྱེས་ཀྱང་ཧོང་ཀོང་གི་མི་སེར་ཆགས་ཀྱི་མེད་པ་གསར་དུ་གཏན་འེབབས་བྱ་རྒྱུའི་སྲིད་བྱུས་ནང་བཀོད་ཡོད་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org