ནང་སྲིད་བཀའ་བློན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་བ།

ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་གཅིག་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག

ནང་སྲིད་བཀའ་བློན་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སྐུ་ཞབས་ཝིར་བྷརྡརཱ་སིངག་དང་མཇལ་འཕྲད་སྐབས། ༢༠༡༤།༡༢།༩

ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་གཅིག་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེ་ཡང་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སྐུ་ཞབས་ཝིར་བྷརྡརཱ་སིངག་མཆོག་བཞུགས་སྒར་རྡ་རམ་ས་ལར་མངའ་སྡེའི་དགུན་ཁའི་གྲོས་ཚོགས་ཀྱི་ཚོགས་འདུར་ཕེབས་འབྱོར་ཡོད་པ་རེད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཧི་མ་ཅཱལ་མངའ་སྡེའི་ནང་གནས་པའི་བོད་མི་སྐྱབས་བཅོལ་བ་ཚོར་མངའ་སྡེའི་ཡུལ་མི་གཞན་ལྟར་མངའ་སྡེའི་གཞུང་གིས་བྱེ་མ་ཀ་ར་ལ་སོགས་པ་རིན་གོང་དམའ་པོའི་ཐོག་ནས་བཟའ་བཅའ་མཁོ་སྤྲོད་གནང་བཞིན་པའི་ཐོབ་ཐང་རག་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། དེ་བཞིན་རྡ་རམ་ས་ལའི་མེཀ་ལོར་གྷན་ཇིའི་ལམ་གཞུང་དུ་ཚོང་ལས་སྤེལ་མཁན་ཚོར་ཁྲོམ་སའི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དེ་སེལ་ཐབས་ཡོང་བ་ཡང་ཞུས་གནང་འདུག
རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གཞུང་གིས་བོད་མི་ཚོ་གནས་ཡུལ་གྱི་ས་ཆ་ཁག་བོགས་གཏོང་གི་མིང་ཐོག་ནས་སྔ་གཡར་གནང་གི་ཡོད་ཅིང་། འོན་ཀྱང་ད་ལྟ་བོགས་མའི་རིན་གོང་བརྒྱ་བཅུ་ཙམ་གུན་གསབ་བྱེད་དགོས་ཀྱི་ཡོད་ཀྱང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་བཀོད་ཁྱབ་ལྟར་བརྒྱ་ཆ་གཉིས་ཙམ་ལ་བཅག་ཆ་ཡོང་བའི་རེ་འདུན་ཡང་ཞུས་འདུག་ལ། དེ་དང་ཕྱོགས་མཚུངས་སིམ་ལ་སན་ཇོ་ལིའི་ཁུལ་དུ་གནས་པའི་བོད་མི་ཚོར་ཡང་རྒྱ་གར་གྱི་སྲིད་བློན་འདས་པོ་ར་ཇིཝ་གྷན་དྷིའི་མཚན་གནས་རྗེས་འབྲེལ་གྱི་རོགས་རམ་ལས་འཆར་ཁོངས་སུ་ཚུད་ཐབས་ཀྱི་དགོས་འདུན་ཡང་བཏོན་གནང་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org